ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བླ་ཆེན་དྲན་པའི་འབུམ་ཚོགས་ཆེན་མོ་འབུལ་བཞིན་པ།

བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་ཡོད་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེ་ནས།

དྲན་པའི་བུམ་ཚོགས་༢ དྲན་པ༣ (2)སངས་རྒྱས་ཀྱི་བསྟན་པ་སྤྱི་དང་སྒོས་སུ་རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་འགྲོ་བ་ཡོངས་ཀྱི་འདི་ཕྱི་ཕན་བདེའི་འབྱུང་གནས་སུ་དར་རྒྱས་ཡུན་དུ་གནས་ཤིང་། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་དང་། རྒྱལ་བ་གཤེན་ཚང་ཡབ་སྲས་གཙོས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་ཆེན་རྣམ་པའི་གསང་གསུམ་ཉེར་འཚེའི་འཇིགས་པ་ལྷག་མེད་དུ་ཞི་ནས་སྐུ་ཚེ་ཡུན་དུ་བསྲིངས་ཏེ་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་ཟབ་མོ་ལྷུན་གྱིས་འགྲུབ་པ་དང་། བསྟན་སྦྱིན་ལྷ་སྡེ་རྣམས་ཀྱི་འདི་ཕྱིའི་དོན་གཉིས་ལེགས་འགྲུབ་ཡོང་བ་དང་།

བྱུང་དང་འབྱུང་བཞིན་པའི་མེ་ཆུ་ས་རླུང་གི་འཇིགས་པ་དང་། ནད་མུག་འཁྲུག་རྩོད་ཀྱི་འཇིགས་པ་སོགས་སྙིགས་མའི་དུས་ཀྱི་རྒུད་པ་ཐམས་ཅད་ཉེ་བར་ཞི་ཞིང་། སྣོད་བཅུད་ཞི་བདེའི་དཔལ་ཡོན་སྔར་ལས་དར་རྒྱས་ཡོང་བ་བཅས་ཀྱི་ཆེད་དུ་དམིགས་ནས། ལོ་དུས་ཀྱི་གསོལ་ཁ། ཟླ་དུས་ཀྱི་མཆོད་པ་རུ། ལོ་འགོ་ལ་སྲིད་རྒྱལ་འབུམ་ཚོགས་དང་། ལོ་མཇུག་ཏུ་དྲན་པའི་འབུམ་ཚོགས་ཆག་མེད་འབུལ་སྲོལ་ཡོད་པ་བཞིན།དྲན་པ༢ དྲན་པ༡ འདི་ལོའི་སྤྱི་ཟླ༡༡། ཚེས་༢༠་ནས་བཟུང་། སྙིགས་དུས་འགྲོ་བའི་དཔལ་མགོན་ཞལ་གྱིས་བཞེས་པའི་གཤེན་རབ་ཐུགས་ཀྱི་གཉེར་དཔོན་རྒྱལ་དབང་ཁོད་སྤུངས་དྲན་པའམ། བླ་ཆེན་དྲན་ནམ་མཁའ་ལ། དྲན་པ་ཡང་སྙིང་དབང་གསུམ་གྱི་སྒྲུབ་ཐབས་སྒོ་ནས་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་བསླབ་གསུམའདུས་པ་རྒྱ་མཚོས་བདུན་ཕྲག་གཅིག་གི་རིང་ལ་དྲན་པའི་འབུམ་ཚོགས་རྒྱས་འབུལ་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་སུ་ཏི་སེའི་བུ་ནས༢༠༡༦།༡༡།༢༡།ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 51 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༸སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།