ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་དྲ་བའི་འཚམས་འཕྲིན།

       གཡུང་དྲུང་བོན་ཚོགས་གཤེན་བསྟན་དར་རྒྱས་གླིང་ནས་<<མེ་ལོང་ཡེ་ཤེས་>>ཞེས་པའི་དྲྭ་ཚིགས་གསར་པ་སྣ་འཛོམས་རང་བཞིན་ཅན་ཞིག་དབུ་འབྱེད་གནང་བ་ནི་ཧ་ཅང་དགའ་འོས་པའི་གནས་སུ་གྱུར།

        དེ་ནི་དེང་རབས་ཀྱི་དུས་དང་འཚམས་པའི་བརྡ་འཕྲིན་སྣ་ཚོགས་དང་། ལྷག་དོན་དུ་གཡུང་དྲུང་བོན་དང་འབྲེལ་བའི་ལོ་རྒྱུས་གང་མང་ཞིག་འཛམ་གླིང་ས་ཕྱོགས་ཀུན་གྱི་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ངལ་ཚེགས་མེད་པར་རྫས་འཕྲུལ་གྱི་མེ་ལོང་ལག་ནང་དུ་ཡོད་པ་ལྟར། འདས་མ་ད་གསུམ་གྱི་རྩོམ་ཡིག་དང་གནས་ཚུལ་ཅི་ཡང་གཟིགས་ཐུབ་པའི་ཞབས་འདེགས་བླ་ན་མེད་པ་ཞིག་བསྒྲུབས་འདུག་པ་སོང་།

      འདི་ག་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཙོ་གཉེར་ཞུ་བཞིན་པའི་གཡུང་དྲུང་བོན་གྱི་དྲྭ་ཚིགས་ཁང་ནས་ཀྱང་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། ཐ་ཚན་མུ་ཐུག་སྨར་རོ། །

གཡུང་དྲུང་བོན་དྲྭ་ཚིགས་རྒྱུན་ལས་ཁང་ནས། ༢༠༡༥།༩།༤

(སྤྱིའི་གཟིགས་གྲངས། 97 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ཁྱུ…
error: རྩོམ་འདི་བདག་དབང་ཅན་ཡིན།