ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་བ་སྨན་རི་བ་མཆོག་གི་སྐུ་གདུང་ཞུགས་ལ་ཕུལ་བའི་སྐོར།

རྒྱལ་བ་སྨན་རི་བ་མཆོག་གི་སྐུ་གདུང་ཞུགས་ལ་འབུལ་བའི་མཛད་སྒོ་ནི་མགོན་པོ་གང་ཉིད་སྐུ་ཞི་བར་གཤེགས་ནས་བཟུང་ཀུན་རིག་ལས་བཞི་རྒྱུན་ལྔ་དང་ཀློང་རྒྱས་གདུང་སྲེག་བཅས་ཀྱི་སྦྱིན་སྲེག་གྲ་སྒྲིག་གནང་ནས་ཟླ་བ་༩ཚེས་༢༦ནས་༢༨བར་མཆོད་བཟོ་བྱས། ༢༩ནས་སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་གཉིས་དང་། དེ་བཞིན་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་། སྨན་རིའི་བཤད་སྒྲུབ་མཁན་སློབ་དང་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་དབུ་བཞུགས་ཐོག་གདན་ས་སྨན་རི་གླིང་གི་དགེ་བཤེས་དང་དགེ་འདུན་པ་དང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་དང་དགེ་འདུན་པ་རྣམ་པ་བཅས་ཀྱིས་ཀུན་རིག་ལས་བཞི་རྒྱུན་ལྔ་དང་ཀློང་རྒྱས་བཅས་ཀྱི་གཞུངས་བསྲངས། ཚེས་༡དགོང་མོ་བླ་སྤྲུལ་དགེ་བཤེས་རྣམ་པས་བླ་བྲང་དུ་རིག་འཛིན་འདུས་ཚོགས་ཕུལ་བ་དང་སྐྱ་སེར་མི་མང་རྣམས་ཀྱིས་མཚན་གང་པོར་དམ་པ་མཆོག་གི་གསོལ་འདེབས་གྱེར་བཞིན་འཚོགས་ཁང་དང་བླ་བྲང་བཅས་ལ་སྐོར་བ་ཕེབས་གནང་སོང་། མགོན་པོ་གང་ཉིད་ཀྱི་གདུང་མཆོད་སྐབས་ཆེད་དུ་ཕེབས་པའི་སྐུ་མགྲོན་གཙོ་ཁག་ནི། བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ། བཀའ་ཟུར་ཐུབ་བསྟན་ལུང་རིག སྤྱི་འཐུས་སྨོན་ལམ་མཐར་ཕྱིན། སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྤྱི་འཐུས་རྒྱ་རིགས་ཐར། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས། སྤྱི་འཐུས་བློ་བཟང་ཆོས་འབྱོར། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་བཅས་དང་ཆོས་རྒྱུད་ཁག་གི་སྐུ་ཚབ་རྣམས་པ། དེ་བཞིན་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་གླིང་ཚང་ཚེ་རྡོར་ལགས། དབུས་གཙང་ཆོལ་ཁའི་ཚོགས་གཙོ་བྱམས་པ་ཆོས་འཕེལ་དང་དྲུང་ཆེ་པ་སངས་ལགས། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོ་དགེ་བཤེས་གངས་རི་ལགས། དྲུང་ཆེ་ཆོས་འཕེལ་ལགས། བདེ་དོན་འགན་འཛིན་ཐུབ་བསྟན་ལགས། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ། སིམ་ལ་ས་གནས་འགོ་འཛིན་ལགས་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ཕེབས་འདུག སྤྱི་ལོ་༢༠༡༧ཟླ་༡༠ཚེས་༢ཉིན་ཞོགས་པ་རྒྱ་གར་ཆུ་ཚོད་༣པའི་ཐོག་སྐྱ་སེར་མི་དམངས་ཡོངས་རྫོགས༸སྐྱབས་རྗེ་དམ་པ་མཆོག་གི་གཟིམས་ཁང་བླ་བྲང་མདུན་དགོན་པའི་འཁྱམ་རའི་ནང་འཛོམས་ཏེ་བླ་མ་མཆོད་པ་གསུངས། དེ་ནས་ཁྲི་འཛིན་རིན་པོ་ཆེའི་གསོལ་འདེབས་གྱེར་བཞིན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། སྐྱ་སེར་མི་དམངས་ཡོངས་རྫོགས་ལ་སྐུ་གདུང་རིན་པོ་ཆེ་མཇལ་ཁ་གནང་། དེའི་མཚམས་ནས་སྐུ་གདུང་ཞུགས་ལ་འབུལ་བའི་དབུ་བརྩམས་ཏེ། བླ་བྲང་ནས་སྐུ་གདུང་གདན་འདྲེན་ཞུས་ཏེ་འཚོགས་ཁང་ལ་སྐོར་བ་གཅིག་གདན་འདྲེན་ཞུས་ནས་གདུང་ཁང་ནང་དུ་བཞུགས་སུ་གསོལ་ཏེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་ཁྲི་བརྟན་ནོར་རྩེའི་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་གྲྭ་མང་རྣམ་པས་མེ་སྤར་གསུངས། དེ་ནས་འཆམ་རའི་ནང་མང་ཇ་འཚོགས་ཏེ་རྣམ་དཀར་དད་སྦྱིན་ཚོས་དགེ་འདུན་པ་ཚོ་ལ་སྐུ་འགྱེད་ཕུལ། དེ་ནས་བཙན་བྱོལ་བོད་མིའི་སྒྲིག་ཚུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ནས་མགོན་པོ་གང་ཉིད་ཀྱི་མཛད་རྣམ་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་མཆོག་ནས་དམ་པ་གང་ཉིད་ཀྱི་གདུང་མཆོད་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེ་ནས་སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་ཐོག་མར་སྙུང་གཞི་བཞེས་སྟངས་དང་སྨན་བཅོས་ཕུལ་ཚུལ་བོད་གཞིས་བྱས་གཉིས་ནས་ཞབས་བརྟན་སྒྲུབ་ཚུལ། སྐུ་ཞི་བར་གཤེགས་ཚུལ་དང་གདུང་མཆོད་ཕུལ་ཚུལ་དང་གདན་ས་སྨན་རིའི་གླིང་གི་མ་འོངས་པ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་སྐོར་དང་མ་འོངས་པ་སྨན་རིའི་ཁྲི་འཛིན་བསྐོ་སྟངས་སྐོར་བཅས་ཀྱི་གསུང་བཤད་ཟབ་རྒྱས་གནང་ནས་མེ་སྤར་ཀྱི་མཇད་སྒོ་གྲུབ་ནས་ཚོགས་ཁང་མདུན་དུ་བླ་གྲྭ་རྣམ་དང་བོད་མི་དམངས་སྤྱི་འཐུས་དང་ཆོས་རིག་བཀའ་བློན་བཅས་མཉམ་དུ་དྲན་རྟེན་སྐུ་དཔར་སྒྲོན། དེ་ནས་ཀུན་རིག་ལས་བཞི་རྒྱུན་ལྔ་བླུག་པའི་འགོ་བརྩམས་ནས་ཉིན་གང་སྦྱིན་སྲེག་གི་གཞུང་བསྲང་། ཕྱི་ཉིན་ཚེས་༣ཉིན་གང་ལ་སྦྱིན་སྲེག་གསུངས། ཚེས་༤ཉིན་སྔ་སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་དང་གདན་ས་གཉིས་ཀྱི་བཤད་སྒྲུབ་མཁན་སློབ་དབུ་བཞུགས་ཐོག་སྔ་དྲོ་སེར་ཕྲེང་ཕེབས་ཏེ་གདུང་ཁང་ཟུར་དུ་གྲུབ་མཆོད་སྨོན་ལམ་གསུངས་པ་དང་དེ་ནས་ཀུན་རིག་ལས་བཞི་རྒྱུན་ལྔའི་སྒོ་དབྱེ་གཤེགས་བསྐྱོད་དང་བཀྲ་ཤིས་སྨོན་ལམ་བཅས་ཀྱི་མཐར་བརྒྱན་ཏེ་ཞིང་གཤེགས་དམ་པ་རྒྱལ་བ་སྨན་རི་བ་མཆོག་སྐུ་གདུང་ཞུགས་ལ་ཕུལ་བའི་སྐོར་གྱི་གནས་བསྡུས་སུ་ཁྱུང་ཁྲི་ལྡེས་རྒྱ་གར་རྒྱལ་ས་ལྡི་ལིའི་ནས་༢༠༡༧ཟླ་༡༠ཚེས་༥སྤེལ།། །།

 

(སྤྱིའི་གཟིགས་གྲངས། 45 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་༢༠༡…
error: རྩོམ་འདི་བདག་དབང་ཅན་ཡིན།