ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཐེངས་ལྔ་པ་མཇུག་གྲུབ་པའི་གནས་བསྡུས།

ཕྱི་ལོ་ ༢༠༢༠ ༠༡ ༢༣ ཉིན་གཉིས་པའི་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་བགྲོ་གླེང་གསུང་བཤད་གནང་མཁན་རྣམ་པ་དང་། ཚོགས་ཞུགས་པ། ཟུར་ཉན་པ་བཅས་བགྲོ་གླེང་འཚོག་ཡུལ་དུ་དངོས་སུ་ཕེབས་ཏེ་ཚོགས་གྲལ་དུ་འཁོད་རྗེས་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ཀྱིས་གཙོ་སྐྱོང་གནང་ནས་རྒན་ཤ་བོ་རྟ་མགྲིན་ལགས་ཀྱིས་<<བོན་ཤ་བའི་རིག་གནས་སྐོར་ལ་དཔྱད་པ་>> The Singnificance of Deer in Bon Culture ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་ལན་གནང་། དེ་རྗེས་བཙུན་དགོན་རཏྣ་སྨན་གླིང་གི་སློབ་གཉེར་བ་བཙུན་མ་ཕུན་ཚོགས་ཚུལ་འཛིན་ལགས་ཀྱིས་<<དྲང་སྲོང་མའི་སྡོམ་རྒྱུད་ཀྱི་བྱུང་རིམ་སྐོར་ལས་འཕྲོས་པའི་ཐོག་མའི་དཔྱད་གླེང་>> A Preliminary Study of the Origins and Development of the Drangsongma Female Ordination Lineage ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དྲིས་ལན་བཅས་གནང་། དེའི་མཚམས་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ་ཁྱུང་ཁྲི་ལྡེ་ལགས་ཀྱིས་<<ཧི་མ་ལ་ཡའི་རིག་གཞུང་སློབ་དེབ་ཀྱི་ངོ་སྤྲོད་>> An Introduction to Schoolbooks on Himalayan Culture ཅེས་པའི་བརྗོད་གཞིའི་ཐོག་ནས་གསུང་བཤད་དང་དྲི་ལན་གནང་རྗེས་མཁས་དབང་ཆལ་སི་རམ་བྷོལ་ Charles Ramble ལགས་ཀྱིས་<<བལ་པོའི་ནང་ལོ་རྒྱུས་ཐོག་གི་བོན་གྱི་གདུང་བརྒྱུད་བླ་མའི་གནས་བབ་>> The Historical Status of Bonpo Lineage Lamas in Nepal ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་ལན་གནང་། ཉིན་རྒྱབ་ཀོ་ལིན་མི་ལཱར་ཌི་ Colin Millard ལགས་ཀྱིས་གཙོ་སྐྱོང་གནང་སྟེ་འབུམ་རམས་པ་སྐལ་བཟང་ནོར་བུ་ལགས་ཀྱིས་<<འཇར་མན་སྦར་གླིང་དཔེ་མཛོད་དུ་བཞུགས་པའི་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཔེ་རྙིང་སྐོར་རགས་ཙམ་གླེང་བ་>> Bonpo Manuscripts and Other Works in the State Library of berlin, Germany ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲིས་ལན་གནང་རྗེས་དགེ་བཤེས་བསམ་གཏན་གཙུག་ཕུད་ལགས་ཀྱིས་<<ལྷ་ཞེས་པའི་ཐ་སྙད་འཇུག་ཡུལ་སྐོར་ལ་བསམ་གཞིགས་བྱས་པ་>> An Investigation of the Term Lha ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲིས་ལན་གནང་། དེ་རྗེས་པ་ཏྲིག་བྷཱུཛ་Patrick Booz ལགས་ཀྱིས་<<བོན་ལུགས་ཀྱི་གཏོར་མའི་པར་ཤིང་>> Wooden Printblocks for Effigies (Torma Parshing) in the Bon Tradition ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་ལན་གནང་སྟེ་ཉིན་གཉིས་པའི་བགྲོ་གླེང་མཇུག་གྲུབ་རྗེས། ཕྱི་ལོ་ ༡༩༩༤ ཟླ་ ༡༡ པའི་ཚེས་ ༡༨ སྟེ། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་ ༡༥ ཉིན་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་དབུ་འབྱེད་དང་འབྲེལ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་འདུས་སྡེ་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོའི་སྐོར་གྱི་གློག་བརྙན་སྐར་མ་ ༢༥ ཅན་ཞིག་ཚོགས་ཞུགས་རྣམས་ལ་སྤྱན་གཟིགས་ཞུས། མཇུག་བསྡོམས་སུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་ད་ལམ་གྱི་ཚོགས་འདུའི་གསུང་བཤད་པ་རྣམས་དང་། ཚོགས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་འབྲེལ་གསུང་བཤད་པ་རྣམས་ལ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་ཞལ་གདམས་ཕྱོགས་བསྒྲིགས་ཀྱི་དེབ་དང་། བགྲེས་པོའི་འབེལ་གཏམ་དེབ་ཕྲེང་༢༠པ་རེ་དང་། མགུལ་དར་བཅས་ལེགས་གསོལ་མཚོན་རྟེན་ཕུལ་རྗེས་གསུང་བཤད་པ་དང་གོ་སྒྲིག་པ་མཉམ་བཞུགས་ཀྱི་དྲན་རྟེན་སྐུ་པར་བསྒྲོན་ཏེ། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་ལྔ་པ་དེ་ཁ་དགེ་བཀྲ་ཤིས་ངང་གྲུབ་པའི་གནས་བསྡུས་སུ། 

རིག་པའི་མེ་ལྕེ་ནས་ཕྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༢༣ ཉིན།། །།

པར་པ་རྔ་རང་རིག

(སྤྱིའི་གཟིགས་གྲངས། 1,821 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  <…
error: རྩོམ་འདི་བདག་དབང་ཅན་ཡིན།