སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེས་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བསྩལ་གནང་མཛད་པ།
ད་ལན་འདི་ལོར་བོན་གཤེན་སྔོན་འགྲོ་བསགས་སྦྱོང་བ་རྣམས་པ་ཐུན་མོང་ནས་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་དང་། ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཞལ་བཞེས་ཐོབ་ནས་གྲྭ་ཚང་གིས་གོ་བསྒྲིག་འོག་སེར་སྐྱ་མི་མང་༤༠༠ཙམ་ལ་དྲན་པ་ཚེ་སྒྲུབ་ཀྱི་བཀའ་དབང་བཀའ་དྲིན་བསྩལ་གནང་མཛད།
དེ་ཡང་ཕྱི་ལོ་༢༠༢༦ལོའི་ཟླ་བ་༠༢པའི་ཚེས་༠༥ཉིན་ཞོགས་པའི་ཕྱག་ཚོད་༩པའི་ཐོག་༧སྐྱབས་རྗེ་སློབ་དཔོན་མཆོག་སྤོས་རྒྱས་མདུན་བསུས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་པ་དང་། དབང་ཞུ་བ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་གྲྭ་རྣམ་པ་དང་བོན་གཤེན་སྔོན་འགྲོ་བསགས་སྦྱོང་བ་རྣམ་པ་གཙོས་པའི་བལ་ཡུལ་གནས་འཁོད་ཀྱི་སེར་སྐྱ་མི་མང་རྣམས་གཙུག་ལག་ཁང་དུ་འཛོམས། དེ་ནས་༧སྐྱབས་རྗེ་མཆོག་ནས་མི་མང་རྣམས་ལ་དབང་གི་སྐྱབས་སེམས་སོགས་དབང་དོན་ངོ་སྤྲོད་དང་ལྷན་དབང་ཆོག་གསུངས་གནང་ཞིང་། ཕྱག་ཚོད་༡༠པ་ཙམ་གྱི་ཐོག་ད་ལན་གྱི་དྲན་པ་ཚེ་སྒྲུབ་གྱི་བཀའ་དབང་ཡོངས་སུ་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་ཙམ་དུ།
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ཕྱི་ལོ་ ༢༠༢༦ ༢ ༥ ཉིན་སྤེལ།
པར་པ་ཁྱུང་ཐོག་རྒོད།
