ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྨན་རིའི་དགེ་བཤེས་བསམ་འགྲུབ་ཉི་མ་མཆོག་དཔལ་གཤེན་བསྟན་མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོར་ཁྲི་བསྐོས་ཞུས་པ།

མཚོ་དང་སྤུང་མོའི་ཡུལ་སྡེ་ཐུན་མོང་དང་མཐའ་སྲུང་མཚོ་གླིང་དགོན་གྱི་འདུས་སྤྱི་བཅས་ནས་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་དུ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་བསམ་འགྲུབ་ཉི་མ་མཆོག་མཐའ་སྲུང་མཚོ་གླིང་དགོན་གྱི་མཁན་པོ་རུ་ཁྲི་བཞེངས་མངའ་གསོལ་ཞུ་རྒྱུའི་རེ་འདུན་ཡིག་ངག་གཉིས་ཐོག་ནས་ཕུལ་བ་དང་། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་ནས་ཀྱང་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད།སྒོས་སུ་མཐའ་སྲུང་མཚོ་གླིང་དགོན་དང་འབྲེལ་ཡོད་དད་ལྡན་མང་ཚོགས་ཀྱི་འདི་ཕྱིའི་ལམ་སྟོན་དུ་རེ་འདུན་ཆེ་བ་བཞིན་གདན་ས་ཆེན་མོ་འདིར་མཁན་པོར་ཁྲི་གསོལ་གནང་རྒྱུའི་ཞལ་བཞེས་གནང་ཞིང་འདི་ཟླའི་ཚེས་ ༣༡ ཉིན་དངོས་སུ་མཁན་པོ་ཁྲི་གསོལ་གྱི་མཛད་སྒོ་རྒྱས་པར་ཞུས།

དེ་ཡང་འབྱུང་ལྡན་ ༣༠༡ གི་ཆུ་ཡོས་ལོའི་དཔྱིད་ར་རྒྱལ་ཟླ་བའི་ཚེས་ ༡༠ དང་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་མཁན་པོ་མཆོག་སྤོས་མེས་སྣ་དྲངས་ཏེ་གཙུག་ལག་ཁང་དུ་གདན་འདྲེན་ཞུས། འདུས་མང་དང་ཡུལ་མི་སེར་སྐྱ་རྣམས་ནས་བླ་མ་མཆོད་པ་གསུང་བཞིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་དང་ཡུལ་མི་སྤྱི་སྒེར་གཉིས་ངོས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་དང་། རྣམ་ལྔའི་མཆོད་པ་རྣམས་རིམ་པར་ཕུལ་གྲུབ་རྗེས། ཕྱག་ཚོད་ ༡༠ པའི་ཐོག་མཐའ་སྲུང་མཚོ་གླིང་དགོན་འདུས་སྤྱི་ནས་མཁན་པོ་ཁྲི་གསོལ་དང་འབྲེལ་འདུས་ཚོགས་སུ་སྨོན་ལམ་མང་ཇ་ཕུལ། གྲྭ་ཚང་དགེ་བསྐོས་མཆོག་ནས་༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་བླ་བྲང་ནས་མཁན་པོ་ཁྲི་གསོལ་གྱི་ངོ་བཞེས་ཡི་གེ་གནང་བ་འདུས་མང་ལ་སྙན་སྒྲོན་ཞུས།

དེ་ནས་ཕྱག་ཚོད་ ༡༡ དང་ ༣༠ ཙམ་ནས་མཁན་པོ་མཆོག་སྤོས་རྒྱས་བསུ་མ་དང་བཅས་ཏེ། ༧དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཞི་རིམ་སློབ་གྲྭའི་རྩེད་ཐང་དུ་གདན་དྲངས།དེ་རུ་གློ་བོ་དང་དོལ་པོ་སོགས་ཀྱི་འབྲེལ་ཡོད་བོན་སྡེ་སེར་སྐྱ་མི་མང་སྟོང་ཕྲག་ལ་ཉེ་བར་འདུས་འཛོམས་གནང་སྟེ། མཎྡལ་ཚིག་བཤད་དབྱངས་སུ་གྱེར་བཞིན་སླར་ཡང་ས་གནས་སོ་སོའི་འབྲེལ་ཡོད་མི་སྣ་དང་། ཚོགས་སྡེ་ཁག་ནས་མཎྡལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུ་བཞིན་སེར་སྐྱ་མི་མང་ཡོངས་ཀྱིས་མཇལ་དར་དང་བཅས་ཁྲི་འབུལ་མཇལ་ཞུས་གནང་བ་བཅས་ཀྱི་གསར་གནས་སུ།

སྐྱ་ཀ་ཁྲ་བོས་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 528 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མཐའ་སྲུང་མ…
error: རྩོམ་འདི་བདག་དབང་ཅན་ཡིན།