ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གལ་ཆེའི་གསལ་བརྡ།

ཞྭ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་ཁྲི་འཛིན་སོ་བཞི་པ་བསྐོ་ཕྱོགས་ཐད་གསང་གསུམ་བོན་གྱི་མཛོད་འཛིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་བཀའ་སློབ་ལམ་སྟོན་གཞིར་བཟུང་ཐོག་བོན་གྱི་༸གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་༸སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། བོན་གྱི་༸གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་གཙོས་པའི་བྱེས་ཀྱི་༸གདན་ས་ཁག་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་གནད་ཡོད་མི་སྣ་མང་པོས་ཁྲི་འཛིན་སོ་བཞི་པ་བསྐོ་བཞག་གི་བཀའ་བསྡུར་རིམ་པ་གནང་སྟེ། རྟགས་སྒྲིལ་གྱི་མཛད་སྒོ་དབུ་བཙུགས་ཟིན་པར་བརྟེན། བོན་གྱི་༸གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྒྲུབ་ཁང་དབང་དྲག་མེ་རི་འོད་འབར་དུ་བཀའ་སྲུང་བོན་སྐྱོང་སྲུང་མའི་ཚོགས་མཆོད་རྒྱས་འབུལ་དང་། འདུས་མང་ཡོངས་ཀྱིས་ཉིན་ལྟར་སྐོང་གསོལ་འཕྲིན་བཅོལ་གནང་བཞིན་ཡོད་པ་མ་ཟད། རྒྱ་ཆེའི་བོན་འབངས་ཡོངས་ཀྱིས་གསོལ་འདེབས་ཐུགས་སྨོན་རྒྱ་ཆེར་གནང་བར་ཞུ་ཞུ།

བསླབ་གསུམ་འདུས་པ་རྒྱ་མཚོའི་གསེར་སྙན་རིན་པོ་ཆེར་ཞུ་གསོལ་འདེབས་སྙིང་།

ད་ལན་གཡུང་དྲུང་བོན་གྱི་དབུ་ཁྲིད་བོན་འབངས་ཡོངས་ཀྱི་སྤྱི་བོའི་རྒྱན་གཅིག་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་བཞི་པ་གསར་དུ་བསྐོ་རྒྱུའི་ལས་དོན་དེ་ཉིད་གེགས་མེད་ལམ་སློང་ཡོང་བ་དང་། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གང་ཅིའི་ཐད་ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས་པ། བསྟན་འགྲོའི་བྱ་བ་རྒྱ་ཆེ་བསྒྲུབ་ནུས་ཀྱི་སྐྱེས་ཆེན་ཞིག་རྟགས་སྒྲིལ་ལ་ཕེབས་པའི་ཆེད་དུ་དམིགས་ནས།

འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནས་སྒྲུབ་ཁང་དབང་དྲག་མེ་རི་འོད་འབར་གྱི་ནང་དུ་སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ དང་ ༢༣ གཉིས་ལ་བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་སྨོན་ལམ་ཤུགས་དྲག་གིས་ཚོགས་མཆོད་རྒྱས་འབུལ་ཞུ་རྒྱུ་དང་། སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ ནས་༢༠༡༨ཟླ་༠༡ཚེས་༠༡བར་རྟགས་སྒྲིལ་སྒྲུབ་པའི་རིང་ལ་འདུས་མང་ཡོངས་ནས་ཉིན་ལྟར་སྐོང་གསོལ་ཕྲིན་བཅོལ་གང་ཟབ་གནང་རྒྱུ་དང་། དངོས་གཞིའི་རྟགས་སྒྲིལ་ཉིན་མོ་དང་། དངོས་གཞི་མཐའ་མའི་རྟགས་སྒྲིལ་ཉིན་གཉིས་པོ་ལ་གྲྭ་མང་ཡོངས་ནས་སྐོང་གསོལ་རྒྱས་པ་གསུང་གནང་མཛད་རྒྱུ་བཅས་ལགས་ན། གཡུང་དྲུང་བསྟན་ལ་དུང་བའི་ལྷ་མི་ཡོངས་ཀྱིས་ཐུགས་བསྐྱེད་སྡོང་གྲོགས་གང་ཟབ་གནང་བར་མཁྱེན་མཁྱེན།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་སྤྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༢ ཉིན།

(སྤྱིའི་གཟིགས་གྲངས། 41 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །ཞྭ་དཀ…
error: རྩོམ་འདི་བདག་དབང་ཅན་ཡིན།