ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྤྱི་འཐུས་མཁན་པོ་ཀ༔བྲག་དངོས་གྲུབ་བསོད་ནམས་ནས་གདུང་སེམས་མཚོན་པའི་གསུང་འཕྲིན།

གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ཞིག །

བོན་གྱི་ཡེ་ཤེས་མཁའ་ལ་ཞུགས་གྱུར་ནས། །

འགྲོ་བ་ཀུན་གྱིས་ཡིད་རེ་སྐྱོ་བ་དང་། །

གདུང་སེམས་དྲག་པོས་མདུད་པ་སྔོན་དུ་བསྲིངས། །

 

མཁས་གྲུབ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྨན་རིའི་སློབ་དཔོན་ཆེན་མོ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དེ་རིང་སྤྱི་ལོ་༢༠༢༥།༦།༡༢ཞོགས་པའི་ཆུ་ཚོད་༧དང་༤༥། དགུང་གྲངས་༡༠༡ཐོག་ཏུ་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་གྱི་འགྲོ་བའི་གདུལ་བྱ་རེ་ཞིག་རྫོགས་ནས་ཞིང་གཞན་དུ་གཤེགས་པའི་གནས་ཚུལ་ཐོས་འཕྲལ་གདུང་སེམས་མཉམ་བསྐྱེད་ཀྱི་ཤུགས་དྲག་ཞུ་བཞིན་ཡོད། གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ཞྭ་དཀར་རིན་པོ་ཆེ་མཆོག་ཡེ་ཤེས་ཀྱི་མཁའ་ལ་དགོངས་པར་རྫོགས་པའི་ཚུལ་ཐོས་ནས་འགྲོ་བ་ཀུན་གྱི་སེམས་ལ་སྐྱོ་བ་ཆེན་པོ་སྐྱེས་ཏེ། དམ་པའི་ཆོས་ཀྱི་སྒྲོན་མེ་དེ་ལྟ་བུ་ཞིག་མཛམ་གླིང་ནས་ཞིང་གཤེགས་གྱུར་པ་ནི་ཧ་ཅང་ཡིད་སྐྱོ་བའི་གནད་དོན་ཞིག་རེད།

རིན་པོ་ཆེ་མཆོག་ལུང་དང་རིག་པའི་མཛོད་འཛིན་ཆེན་པོ་ཞིག་ཡིན་པས། ཤེས་རབ་ཀྱི་ནོར་བུ་རིན་པོ་ཆེ་དང་ལྡན་ཞིང་། སྙིང་རྗེ་ཆེན་པོའི་ཆུ་བོའི་རྒྱུན་མི་ཆད་པ་ཞིག་ཡིན། རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་འཛམ་གླིང་ཡོངས་ལ་དར་ཞིང་རྒྱས་པར་མཛད་པ་དང་། སྐྱེ་བོ་མང་པོའི་སེམས་ཀྱི་མུན་པ་ཞི་བདེའི་སྒྲོན་མེས་སེལ་ནས་ཐར་པའི་ལམ་སྟོན་མཛད་པའི་བྱས་པ་ཅན་ཞིག་ཡིན།

རིན་པོ་ཆེ་མཆོག་བོན་བསྟན་རྗེས་འཇུག་སློབ་འབངས་ཐམས་ཅད་ཀྱི་སྤྱི་ནོར་ཆེན་པོ་ཞིག་ཡིན་ལ། ཁོང་གི་ཐུགས་རྗེ་ཆེན་པོ་དང་བཀའ་དྲིན་ཆེན་པོ་དེ་ང་ཚོས་སེམས་ལ་རྟག་ཏུ་གནས་ཤིང་། འཁྲུལ་བྲལ་ཡང་སྲིད་མྱུར་དུ་བྱོན་ཏེ་བོན་བསྟན་དང་འགྲོ་བའི་དོན་ལ་བརྕོན་པར་མཛད་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྒྱུན་མི་ཆད་པར་དར་ཞིང་རྒྱས་པའི་སྨོན་ཚིག་གདུང་སེམས་མཉམ་བསྐྱེད་བཅས།

ཨྰོཾ་མ་ཎི་པདྨེ་ཧཱུཾ༔  ཨྰོྃ་མ་ཏྲི་མུ་ཡེ་ས་ལེ་འདུ།

 

བོད་མི་མང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་རྒྱང་རིང་ཨ་རི་རྒྱ་མཚོའི་འགྲམ་ངོགས་ནས་གུས་ཕུལ། ༢༠༡༢༥།༦།༡༣།༡༠།༣༥

(སྤྱིའི་གཟིགས་གྲངས། 8 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།