ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་སྡུར་ཐེངས་བཅུ་གཉིས་པ།

 

 

 

 

 

 

 

ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༡༢ པའི་ཚེས་ ༠༦ ནས་ ༠༧ བར་ཉིན་གཉིས་ཀྱི་རིང་། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དགུ་པའི་བཤད་སྒྲུབ་འདུས་སྡེས་བཀོད་སྒྲིག་འོག  གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཆོག་ལྔའི་གསས་ཁང་མཐོང་གྲོལ་འོད་འབར་གྱི་ནང་དུ་༧སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་འཛིན་མཆོག་དང་། བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་རིན་པོ་ཆེ། རྩ་འཛིན་སློབ་དཔོན་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས། རྩ་འཛིན་སློབ་དཔོན་དགེ་བཤེས་ལུང་རྟོགས་རྒྱ་མཚོ་བཅས་རྣམ་པ་བཞི་དང་། སྐབས་ཉེར་དགུ་པའི་བཤད་སྒྲུབ་འདུས་སྡེའི་རྒྱུན་ལས་བཅས་ཚང་འཛོམས་ཐོག གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་སློབ་གཉེར་བ་༣༦གཏམ་བཤད་འགྲན་སྡུར་ལ་དངོས་སུ་ཞུགས་ཡོད། གཏམ་བཤད་ཀྱི་བརྗོད་གཞི་སོ་སོའི་འདོད་མོས་ལྟར་མཚད་ཉིད་ཀྱི་སྐོར་དང་། རྣམ་ཐར།  ལོ་རྒྱུས་བཅས་རང་རང་གང་མོས་ཡིན་ལ་བརྗོད་གཞི་དེ་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་ཡོད། དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་སྤུས་ཚད་དང་དོན་གྱི་འགག་རྩ་བཀྲོལ་ལུགས་སོགས་ལ་གཞིགས་སྟེ་སྐར་གྲངས་སྤྲད་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

རིག་པའི་མེ་ལྕེས་ནས་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡༢ པའི་ཚེས་ ༠༧ ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 183 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཚད་མའི་རིག…
error: རྩོམ་འདི་བདག་དབང་ཅན་ཡིན།