ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་འཚོགས་བཞིན་པ།

ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་ནི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཅིག་ཡིན། དགོས་པ་ནི། ལོ་ཉེས་ནད་མུག་འཁྲུགས་རྩོད་ལ་སོགས་པའི་རྒུད་པ་མཐའ་དག་མྱུར་དུ་ཞི་ནས། ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུག་རྟག་ཏུ་ལེགས་པ། སྣོད་བཅུད་ཞི་བདེ་དགེ་བའི་དཔལ་ཡོན་རྒྱས་པའི་སླད་དུ་དམིགས་ནས་སྡེ་དགོན་ཐུན་མོང་གི་ཞབས་རིམ་གལ་ཆེན་བརྩིས་ནས་སོས་ཀའི་དུས་དང་བསྟུན་ཏེ་ས་ག་ཟླ་བའི་ནང་ལོ་ལྟར་ཆག་མེད་དུ་འཚོགས་ཀྱི་ཡོད། འདི་ལོ་ཡང་སྔོན་འགྲོ་རྫས་བསགས་ཤིང་རིས་བལ་ཚོན་ནམ་ཤིང་རྩི་དང་སྨན་རྫས་རྣམས་ཕུན་སུམ་འཚོགས་པར་བྱས་པ་དང་། ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་དང་། ཀུན་སྒྲོལ་རླུང་ལྷའི་དཀྱིལ་འཁོར་གྱི་ཐིག་ཚོན་ལེགས་པར་བཏབ་ཅིང་། མཆོད་བཟོའི་རིམ་པ་གྲ་རྒྱས་གྲུབ་པ་དང་། འབྱུང་ལྡན་ ༣༠༡ བོད་མེ་རྟ་ལོའི་ཧོར་ཟླ་ ༠༥ པའི་ཚེས་ ༡༡ དང་ ༡༢ བར་ཉིན་གཉིས་ཀྱི་རིང་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོགས་ཁང་གསར་པའི་ནང་མདོ་གཡུང་དྲུང་ཀློང་རྒྱས་ཀྱིས་ཁོག་ཕུབ་ཏེ་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་གཞུང་བསྲངས། ཚོགས་ཁང་རྙིང་པའི་ནང་ཀུན་འབུམ་གོ་འབྱེད་ཀྱི་སྒྲུབ་ཐབས་སྒོ་ནས་ཆོ་ག་གཞུང་བཞིན་བསྲངས་ཏེ་མཆོད་སྦྱིན་དགེ་ཚོགས་རྒྱ་ཆེར་སྒྲུབ་བཞིན་པའི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༦ ༥ ༡༨ ཉིན་སྤེལ།། །།

པར་ལེན་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 36 དེ་རིང་། 36)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཕྱི་ལོ་ ༢༠…
error: རྩོམ་འདི་བདག་དབང་ཅན་ཡིན།