ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཉེ་ལམ་སྡེ་བཞིའི་ཆོ་ག་གྲུབ་རྗེས་ཀྱི་སྔ་རྩོམ་ཞིག

ཡུམ་ཆེན་ས་ཏྲིག་ཨེར་སངས་ལྷ་ཆེན་གཤེན་ལྷ་འོད།།

སྲིད་པ་སངས་པོ་འབུམ་ཁྲི་གཤེན་རབ་མི་བོ་ཆེ།།

དབྱིངས་ཀྱི་བདེར་གཤེག་གཙོ་བཞིའི་ཐུགས་རྗེས་འདི་རུ་དགོངས།།

 

ཀླུ་བོན་ཡེ་ཤེས་སྙིང་པོ་གཉན་བོན་ཐང་ཐང་གྲོལ།།

གཏོད་བོན་བ་ཏི་གསུང་སྙན་ས་བདག་ཀུན་སྣང་ཁྱབ།།

སྡེ་བཞི་དབང་དུ་བསྒྱུར་བའི་གཤེན་བཞི་གནས་འདིར་བྱོན།།

 

འོག་ཕྱོགས་ཀླུ་ཡི་སྡེ་དང་བར་གྱི་གཉན་རིགས་དང་།།

ཡར་ཀའི་གཏོད་ཀྱི་སྡེ་དང་མར་ཀའི་ས་བདག་སྟེ།།

སྡེ་བཞིའི་འདུལ་དཔོན་ཁྱུང་བཞི་དེ་རིང་འདི་རུ་གཤེགས།།

 

ཀླུ་རྒྱལ་གཙུག་ན་རིན་ཆེན་གཉན་རྒྱལ་སྤར་བ་དུང་།།

གཏོད་རྒྱལ་འོད་ཆེན་གཏོད་རུམ་ས་བདག་འཁོར་ལོ་དབང་།།

སྡེ་བཞིའི་རྒྱལ་ཆེན་གཙོ་འཁོར་འདི་རུ་སྤྱན་དུ་འདྲེན།།

 

ཀླུ་མོ་མ་མ་ཏེ་དང་གཉན་ལྕམ་དཀར་མོ་སྟེ།།

གཏོད་ལྕམ་འོད་མ་ཟེར་དང་ས་བདག་གསེར་འོད་འཕྲོ།།

སྡེ་བཞིའི་མཛེས་པའི་ལྕམ་བཞི་དེ་རིང་གྲོགས་སུ་ཕེབས།།

 

མཚོ་དང་ཆུ་མིག་ལ་གནས་འོག་ཕྱོགས་ཀླུ་ཡི་སྡེ།།

མཁའ་དང་ཤིང་གི་རྩར་གནས་བར་གྱི་གཉན་རིགས་སྡེ།།

རི་བྲག་ས་ལ་གནས་པའི་གཏོད་དང་ས་བདག་ཚོགས།།

སྡེ་བཞི་རང་རང་གནས་ནས་དེ་རིང་མགྲོན་དུ་འབོད།།

 

རང་བྱུང་ཆུ་གཉན་བཅུས་དང་ཤིང་གཉན་བཅད་གཏུབ་དང་།།

སྲ་བའི་རྡོ་གཉན་གཏོར་དང་ས་གཉན་བརྐོ་སློག་སོགས།།

སྡེ་བཞིའི་ཐུགས་དང་འགལ་བའི་ལས་བྱས་འདི་རུ་བཤགས།།

 

མཁའ་ལྡིང་བྱ་ཡི་རིགས་དང་གཟན་འཚོལ་གཅན་གཟན་ཚོགས།།

བདག་མེད་རི་ཡི་རི་དྭགས་གཡུང་ཕབས་གཡུང་དྭགས་ཏེ།།

ས་ཡི་ལྟོ་འགྲོས་བཅས་ཏེ་སྲོག་ཆགས་སྡེ་ལྔ་ཡི།།

གཟུགས་འགྲོས་རྣམ་པ་སྣ་ཚོགས་བཤམས་ཤིང་རྒྱན་དུ་བཀོད།།

 

དཀར་མངར་བདའ་དགུའི་ཟས་མཆོག་འབྲུ་སྲན་འོ་ཆབ་དང་།།

ནམ་རྒྱང་ཕོ་སྟོང་མོ་སྟོང་ཤིང་རྩི་བལ་ཚོན་སོགས།།

མཆོད་པའི་རྒྱན་དུ་ཕུལ་བས་ཐུགས་དམ་དགྱེས་པར་བསྐང་།།

 

སྡེ་བཞིའི་མགྲོན་རྣམས་དགྱེས་ཏེ་དགའ་མགུའི་ཡི་རངས་ཀྱིས།།

ཀོ་ལོང་གདུག་རྩུབ་བྲལ་ཏེ་ཞི་བའི་སེམས་ལྡན་མཛོད།།

ཀླུ་ནད་ཙི་ཏི་ཛ་ལ་གཉན་ནད་ཤུ་འབྲུམ་དང་།།

གཏོད་ནད་ཞ་ལོང་འོན་ལྐུགས་ས་ནད་ཞ་གྲུམ་སོགས།།

ནད་ཡམ་མ་ལུས་ཞི་ཞིང་རྟེན་གཡོ་རྒུད་པའི་ཚོགས།།

མ་ལུས་སེལ་བར་མཛད་དེ་སྣོད་བཅུད་ཞི་བདེའི་ངང་།།

འཛམ་གླིང་ཡུན་དུ་གནས་པའི་གདོང་གྲོགས་ད་མཛོད་ཅིག །

 

སྐྱ་ཀ་ཁྲ་བོས་ཉེ་ལམ་སྡེ་བཞིའི་ཆོ་ག་གྲུབ་རྗེས།

(སྤྱིའི་གཟིགས་གྲངས། 14 དེ་རིང་། 14)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཉེ་ལམ་སྡེ་…
error: རྩོམ་འདི་བདག་དབང་ཅན་ཡིན།