ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་བོན་གཤེན་སྔོན་འགྲོ་བསགས་སྦྱང་སྐབས་དང་པོ་དབུ་ཚུགས་པ།

བརྒྱུད་གསུམ་བསྟན་པའི་མངའ་བདག་༧ སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོའི་རྒྱལ་ཚབ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༢༦ ལོའི་ཕྱི་ཟླ་ ༡ ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་བརྒྱད་ཐོག་༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམ་པ་དང་བོན་གཤེན་རྣམས་འཆད་ར་ཐོག་ཏུ་འཛོམས་ཏེ་སྣ་སེལ་གྱི་རིམ་གྲོ་ཁྲུས་གསོལ་དང་སྐུ་གླུད་གཏོང་བ་སོགས་གནང་། དེ་མཚམས་བླ་གྲྭ་བོན་གཤེན་རྣམས་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་གི་ཐོག་ཏུ་འཛོམས་ཏེ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གྲུབ་རྗེས་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ཀྱིས་གཙོ་སྐྱོང་འོག། ༧སྐྱབས་རྗེ་དཔོན་སློབ་རིན་པོ་མཆོག་ནས་དགོན་པའི་ངོས་ནས་འཚོ་བ་དང་བཞུགས་ཤག་བོན་ཁྲིད་སོགས་ཀྱི་མཐུན་རྐྱེན་གང་ཟབ་སྦྱར་གྱི་ཡིན་བོན་གཤེན་རྣམ་པས་ཀྱང་དགེ་སྦྱོར་ཉམས་ལེན་ལ་ཕན་པ་རེ་གནང་གལ་ཆེ་ཚུལ་བཀའ་སློབ་བཀའ་དྲིན་བསྐྱངས་མཛད་པ་དང་། བླ་མ་ཤེས་རབ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་གདན་ས་འདི་ཉིད་བལ་ཡུལ་བོན་འབངས་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་སྐོར་དང་། སྐབས་བབ་ཨ་ཁྲིད་ཀྱི་སྔོན་འགྲོ་འདི་ཉིད་གལ་ཆེན་ཡིན་ཚུལ་གྱི་བཀའ་སློབ་དང་། དེ་མཚམས་༧ སྐྱབས་རྗེ་སྨྲ་དབང་ཡོངས་འཛིན་ཆེན་མོའི་རྒྱལ་ཚབ་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་དྲ་ལམ་ཐད་གཏོང་བརྒྱུད་ཐོས་དོན་རྒྱུད་ལ་སྦྱར་ཏེ་ཉམས་ལེན་བྱེད་རྒྱུ་གལ་ཆེན་ཡིན་ཚུལ་སོགས་ཀྱིས་མཚོན་པའི་གནད་སྨིན་གྱི་བཀའ་སློབ་ཟབ་རྒྱས་བསྩལ་གནང་མཛད་། དེ་མཚམས་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནས་དཔེ་ཁྲིད་དབུ་འཛུགས་མཛད་ཡོད་པ་དང་གོང་ཚེས་༢༢བཟུང་ཉིན་ཉེར་གཅིག་རིང་ཉིན་རེའི་དགེ་སྦྱོར་རེའུ་མིག་ལྟར་སྔོན་འགྲོ་བསགས་སྦྱང་མུ་མཐུད་དེ་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༦ ༡ ༢༢ སྤེལ།། །།

  • པར་པ་ཁྱུང་ཐོག་རྒོད།
(སྤྱིའི་གཟིགས་གྲངས། 432 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བརྒྱུད་གསུ…
error: རྩོམ་འདི་བདག་དབང་ཅན་ཡིན།