པར་རིས་སྦྲགས་མའི་གནས་བསྡུས།
རྩོམ་པ་པོ། ལི་བློ་གསལ།
༧ སྡུག་རུས་ཐོ་རངས་སྐར་ཆེན་མཉམ་དུ་བསུས།།
ཨུ་ཚུགས་ཟླ་འོད་གཞོན་ནུ་མཉམ་དུ་བསྐྱལ།།
ངག་རྒྱུགས་དགེ་སློབ་ལྷན་རྒྱས་མདུན་དུ་ཕུལ།།
རྒྱལ་ཁའི་འཛུམ་མདངས་དེ་རིང་འདི་ནས་བཞད།།
༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ལ་ཆ་མཚོན་ན་སློབ་གཉེར་བ་རྣམས་ཀྱིས་གཡུང་དྲུང་བོན་གྱི་མདོ་སྔགས་རིག་གནས་དང་བཅས་པ་ལ་ལོ་ལྟར་ངག་རྒྱུགས་དང་འཆད་རྒྱུགས། རྩོད་རྒྱུགས། རྩོམ་རྒྱུགས། བྲིས་རྒྱུགས་བཅས་ཀྱི་སྒོ་ནས་འཛིན་གྲྭ་རིམ་འཕར་དགོས་པར་བརྟེན་ད་ལན་སྤྱི་ལོ་ ༢༠༡༦ ལོའི་ཟླ་བ ༡ ཚེས ༡༦ ཉིན་འཛིན་གྲྭ་གོང་འོག་སོ་སོས་རང་རང་གི་སྐབས་བབ་ཀྱི་སྦྱང་བྱའི་གཞུང་ཆེན་ཁག་གི་རྩ་བ་དང་འགྲེལ་བ་སོགས་ངག་རྒྱུགས་ཆེན་མོ་ཕུལ་བའི་གནས་བསྡུས་སུ།
ལི་བློ་གསལ་ནས་སྤེལ།