ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༢༠༡༩ ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཡིག་རྒྱུགས་ཆེན་མོ།

དེ་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་འགྲོ་བ་ལ་མཁས་བྱ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་རླབས་པོ་ཆེ་ཉིད་ལ་རག་ལས་པས། ཚུལ་དེ་དག་ལ་གོམས་འདྲིས་དང་ཡར་སྐུལ་གྱི་ཐབས་མཆོག་བླ་ན་མེད་པ་ནི་རྒྱུགས་སྤྲོད་དེ་ཆགས་ཡོད་སྟབས་འདི་ག་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཀྱང་། འཆད་སྦྱོང་ལ་བདུན་ཕྲག་གི་བགྲོ་གླེང་དང་། བཤད་རྒྱུགས། རྩོད་སྦྱོང་གི་ཆེད་དུ་འཆད་ར་དང་བདུན་ཕྲག་དམ་བཅའ། རྩོམ་རིག་སྐོར་ལ་རྨང་གཞི་སུམ་རྟགས་དག་གསུམ་དང་སྙན་ངག་རྒྱན་གསུམ།  གཞན་ཡང་རྩིས་དཀར་ནག སྐུ་གསུང་ཐུགས་རྟེན་གྱི་ཐིག་རྩ། གསོ་བ་རིག་པ་བཅས་རིག་གནས་སྐོར་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་ཡིག་རྒྱུགས་སྤྲོད་ལེན་བྱེད་པ་དང་། ཁྱད་པར་དུ་མདོ་སྔགས་རྫོགས་གསུམ་གྱི་དཀའ་གནད་སྐོར་ལ་ལོ་རེར་རྩོད་རྒྱུགས་དང་བྲིས་རྒྱུགས་གཉིས་བཤད་གྲྭའི་སློབ་གཉེར་བ་ཡོངས་རྫོགས་མཉམ་དུ་གཏོང་དགོས་པས། འདི་ལོའི་ཟླ་བ་ ༨ ཚེས་ ༢༩  ཉིན་གྱི་ཞོགས་ཀ་ཆུ་ཚོད་ ༥ ཐོག་ཞོགས་ཇ་བཞེས་གྲུབ་པ་དང་།  སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཙོས་པའི། གྲྭ་ཚང་བླ་མ་དང་། རྩ་འཛིན་སློབ་དཔོན། དགེ་རྒན་རྣམ་པ་དང་དགེ་བཤེས་རྣམ་པ་བཅས་ཀྱིས་སྟངས་འཛིན་འོག ཆུ་ཚོད་ ༥། ༣༠ ཐོག་རྒྱུགས་ཞུགས་པ་རྣམས་ཐོ་འགོད་གནང་སྟེ། རྒྱུགས་སྤྲོད་དོ་དམ་མི་སྣས་རྒྱུགས་ཞུགས་རྣམས་ནས་ཤོག་འཛར་སོགས་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་དང་འགལ་བའི་རིགས་ཁུར་ཡོད་མེད་ལུས་བཤེར་བྱས་ཏེ་རྒྱུགས་སྤྲོད་ར་བའི་ནང་དུ་ཨང་རིམ་བཞིན་སོ་སོའི་བཞུགས་གྲལ་དུ་འཁོད་དེ་དགེ་རྒན་རྣམ་པས་འཛིན་གྲྭ་སོ་སོའི་རྒྱུགས་ཤོག་བཀྲམས། དེ་རྗེས་ཆུ་ཚོད་ ༦། ༣༠ ཐོག་སྒྲུབ་གྲྭའི་དགེ་སྐོས་མཆོག་ནས་རྒྱལ་རྔས་བརྡ་བཏང་སྟེ་རྒྱུགས་སྤྲོད་བྱེད་འགོ་ཚུགས། རྒྱུགས་སྤྲོད་ལེན་གྱི་དུས་ཡུན་ནི་ཆུ་ཚོད་གསུམ་གྱི་རིང་ཡིན་པས་ཆུ་ཚོད་ ༩། ༣༠ ཐོག་སྒྲུབ་གྲྭའི་དགེ་སྐོས་མཆོག་ནས་རྒྱལ་རྔས་བརྡ་བཏང་སྟེ་འདི་ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་དེ་ཉིད་ཁ་དགེ་བཀྲ་ཤིས་ངང་མཇུག་གྲུབ་པའི་གནས་བསྡུས་སུ། 

རིག་པའི་མེ་ལྕེ་ནས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢༩ ཉིན། 

པར་པ་རྔ་རང་རིག

98522cookie-check༢༠༡༩ ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཡིག་རྒྱུགས་ཆེན་མོ།
(སྤྱིའི་གཟིགས་གྲངས། 1,139 དེ་རིང་། 2)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཆར་ཅན་ལོ་…
error: རྩོམ་འདི་བདག་དབང་ཅན་ཡིན།