སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་ལོ་ཕྱེད་རྒྱུགས་སྤྲོད།
སློབ་གྲྭ་ཁག་ཏུ་སློབ་ཕྲུག་ཚོར་ཤེས་ཡོན་ཡར་སྐུལ་གྱི་གཙོ་གནད་ལ་དམིགས་ཏེ་རྒྱུགས་སྤྲོད་བྱེད་པའི་ལམ་སྲོལ་ཡོད་པ་གཞིར་བཟུང་། གདན་ས་ཁྲི་བརྟན་ནོར་བུ་རྩེར་རྟེན་གཞིར་བྱས་པའི། གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་གསོ་རིག་སྡེ་ཚན་ལ་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭར་ལོ་ལྟར་ལོ་ཕྱེད་རྒྱུགས་སྤྲོད་ཆེན་མོ་དང་ལོ་མཇུག་རྒྱུགས་སྤྲོད་ཆེན་མོ་གཉིས་གཏོང་སྲོལ་ཡོད། དེའང་འདི་ལོའི་ལོ་ཕྱེད་རྒྱུགས་སྤྲོད་ཆེན་མོ་དེ་ཉིད་ཕྱི་ལོ་༢༠༢༢ཟླ་༧ཚེས་༢༦ཉིན་སྔ་དྲོ་ནས་དབུ་བཟུང་སྟེ་ཉིན་འདིའི་སྔ་དྲོར་བལ་སྐད་དང་ཕྱི་དྲོར་བོད་སྨན་གྱི་རྒྱལ་རབས་བཅས་བྲིས་རྒྱུགས་བྱས། ཚེས་༢༧ཉིན། སྔ་དྲོར་ཨང་རྩིས་དང་ཕྱི་དྲོར་བརྡ་སྤྲོད་དང་སྙན་ངག་བཅས་བྲིས་རྒྱུགས། ཚེས་༢༨ ཉིན་སྔར་དྲོར་དབྱིན་ཡིག་བྲིས་རྒྱུགས། ༢༩ ཉིན་སྔ་དྲོར་གསོ་བ་རིག་པའི་བྲིས་རྒྱུགས། ཚེས་༣༠ཉིན་ངལ་གསོ། ཚེས་༣༡དང་ཕྱི་ཟླ་༨པའི་ཚེས་༡དང་༢བཅས་ཉིན་ཁྱོན་གསུམ་རིང་གསོ་རིག་སྨན་གྱི་ངག་རྒྱུགས་བཅས་ཕུལ་ཡོད་པ་དང་རྒྱུགས་སྤྲོད་སྐབས་སློབ་ཚན་སོ་སོའི་དགེ་རྒན་རྣམ་པ་ཆེད་ཕེབས་ཀྱིས་གཟིགས་ཞིབ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་
མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢ ༨ ༢ ཉིན།
པར་པ་ཁྱུང་ཐོག་རྒོད།