ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཞི་རིམ་སློབ་གྲྭའི་ཟླ་དྲུག་སྔོན་མའི་རྒྱུགས་སྤྲོད་ཆེན་མོ།

བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཞི་རིམ་སྔོན་འགྲོའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཡར་སྐུལ་ཆེད་ལོ་ལྟར་འཆར་ཅན་ཟླ་བ་དྲུག་རེའི་མཚམས་ནས་སློབ་ཁྲིད་ཟིན་པའི་སྦྱོང་ཚན་ཁག་རྒྱུགས་སྤྲོད་ཆེན་མོ་གཏོང་སྲོལ་ཡོད་པ་དང་། སློབ་ཚན་ལའང་བོད་ཡིག་དང་། བལ་སྐད། སྤྱིར་བཏང་ཚན་རིག ཨང་རྩིས། དབྱིན་སྐད། སྤྱི་ཚོགས་ཚན་རིག ཡིག་གཟུགས། རིག་ལམ། གཏམ་བཤད་བཅས་ཡོད་པ་རྣམས་དགེ་རྒན་གྱིས་སློབ་སྟོན་ཇི་ལྟར་གནང་བ་ལྟར་སྦྱོང་བརྡར་འབད་བརྩོན་ཧུར་ཐག་གནང་སྟེ་སློབ་སྦྱོང་ཡར་སྐུལ་ཆེད་འཆར་ཅན་ལྟར་ཟླ་དྲུག་མཚམས་སུ་རྒྱུགས་སྤྲོད་བཏང་དང་གཏོང་མུས་སུ་ཡིན་པ་དང་། རྒྱུགས་འབྲས་ཀྱི་ཨང་ཐོབ་རྣམས་ལ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཇུག་བསྡོམས་ཚོགས་འདུའི་སྐབས་སུ་བྱ་དགའ་སྤྲོད་ཀྱི་ཡོད་པ་རེད། འདི་ལོ་ཡང་གཞི་རིམ་སྔོན་འགྲོའི་སློབ་གྲྭའི་འགན་འཛིན་གཙོས་དགེ་ལས་རྣམ་པའི་དབུ་ཁྲིད་འོག ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༨ པའི་ཚེས་ ༡༥ ཉིན་གཞི་རིམ་སློབ་གྲྭའི་ཟླ་དྲུག་སྔོན་མའི་རྒྱུགས་སྤྲོད་ཀྱི་འགོ་བརྩམས་ཏེ་ཉིན་དེར་དབྱིན་ཇིའི་སྐད་ཡིག་རྒྱུགས་སྤྲོད་བྱས་པ་དང་། ཕྱི་ཚེས་ ༡༦ ཉིན་སྔ་དྲོ་བལ་པོའི་སྐད་ཡིག་རྒྱུགས་སྤྲོད། ཕྱི་ཚེས་ ༡༧ ཉིན་སྤྱིར་བཏང་ཚན་རིག་རྒྱུགས་སྤྲོད། ཕྱི་དྲོ་ཨང་རྩིས་རྒྱུགས་སྤྲོད། ཕྱི་ཚེས་ ༡༨ སྤྱི་ཚོགས་ཚན་རིག་རྒྱུགས་སྤྲོད། ཕྱི་ཚེས་ ༡༩ དཔེ་ཆ་ཀློག་འདོད་རྒྱུགས་སྤྲོད། ཕྱི་ཚེས་ ༢༠ ཉིན་གུང་སེང་། ཕྱི་ཚེས་ ༢༡ ཉིན་རིག་ལམ་རྒྱུགས་སྤྲོད། ཕྱི་དྲོ་ཡིག་གཟུགས་རྒྱུགས་སྤྲོད། ཕྱི་ཚེས་ ༢༢ གཏམ་བཤད་རྒྱུགས་སྤྲོད་བཅས་གཞི་རིམ་སློབ་གྲྭའི་ཟླ་དྲུག་སྔ་མའི་རྒྱུགས་སྤྲོད་ཆ་ཚང་ཁ་དགེ་བཀྲ་ཤིས་ངང་དུ་མཇུག་གྲུབ་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢//༢༢ ཉིན་སྤེལ།

པར་པ། ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 307 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སློབ་གྲྭ་ཁ…
error: རྩོམ་འདི་བདག་དབང་ཅན་ཡིན།