ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་གི་འདས་མཆོད་ཐེངས་དྲུག་པ་གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་འཚོགས་པ།

༧གདན་ས་ཁྲི་བརྟན་ནོར་བུའི་རྩེ་རུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་མཉམ་མེད་རྒྱལ་བ་གཉིས་པའི་རྒྱལ་ཚབ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཞི་བར་གཤེགས་ནས་མི་ལོ་དྲུག་འཁོར་བའི་འདས་མཆོད་ཐེངས་དྲུག་པ་དེ་ཉིད་ཕྱི་ལོ་༢༠༢༣། ཟླ་༠༩། ཚེས་༠༨།བོད་ཆུ་ཡོས་ལོའི་ཧོར་ཟླ་༠༧པའི་ཚེས་༢༤ཉིན་ཚོགས་གནང་བ་རེད། དེ་ཡང་ཕྱི་ཚེས་༠༧ཉིན་མོ་འདས་མཆོད་ཀྱི་སྟ་བོན་མཆོད་བཟོ་ལེགས་པར་བྱས་ཏེ། ཕྱི་ཚེས་༨ཉིན་གྱི་ཞོགས་པ་ཕྱག་ཚོད་༠༥དང་སྐར་མ་༣༠ནས་རྒྱལ་རྔ་བརྡུངས་ཏེ། ༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་དབུ་བཞུགས་ཐོག གྲྭ་མང་རྣམས་འཚོགས་ཁང་རྙིང་པའི་ནང་འཚོགས་ཏེ། ཨ་ཁྲིད་ཀྱི་སྔོན་འགྲོ་དང་གསོལ་འདེབས་གསུངས་ཏེ་ཐུན་གཅིག་བཞུགས་ནས་འཚོགས་གྲོལ། དེ་ནས་ཕྱག་ཚོད་༠༦དང་སྐར་མ་༤༠ཐོག་འཚོགས་འདོན་གསུངས་ནས་ཞོགས་ཇ་བཞེས། ཕྱག་ཚོད་༠༧དང་སྐར་མ་༣༠ཐོག་ནས་འཚོགས་ཁང་རྙིང་པའི་ནང་འཚོགས་ཏེ་སྙན་བརྒྱུད་ཀྱི་སྔོན་འགྲོ་དང་གསོལ་འདེབས་གསུངས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ངང་ལ་ཐུན་གཅིག་བཞུགས། ཕྱག་ཚོད་དགུ་པའི་ཐོག་འཚོགས་ཁང་གསར་པའི་ནང་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་གྲྭ་མང་འཚོགས་ཏེ་མ་ཏྲི་རིན་ཆེན་སྒྲོན་མའི་གཞུང་བསྲངས། ཉིན་རྒྱབ་ཕྱག་ཚོད་༠༢ཐོག་འཚོགས་ཁང་གསར་པའི་ནང་འཚོགས་ཏེ་མ་ཏྲི་རིན་ཆེན་སྒྲོན་མའི་གཞུང་མཐར་ཕྱུངས། ཕྱག་ཚོད་༠༤ཐོག་འཚོགས་ཁང་རྙིང་པའི་ནང་འཚོགས་ཏེ་རྫོགས་ཆེན་གྱི་སྔོན་འགྲོ་དང་གསོལ་འདེབས་གསུངས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ལ་ཐུན་གཅིག་གཞུགས། སླར་ཡང་ཕྱག་ཚོད་༠༥པའི་ཐོག་འཆད་རའི་ནང་དུ་མ་རྒྱུད་ཀྱི་དགོངས་སྤྱོད་རྣམ་གསུམ་གསུངས་ནས་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་ལ་ཐུན་གཅིག་བཞུགས། 

དགོང་མོ་ཕྱག་ཚོད་དྲུག་པའི་ཐོག་སྨོན་ལམ་གྱིས་མཐར་ཕྱུངས་ཏེ་དུས་དྲན་སྲུང་བརྩི་ཞུས་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་༢༠༢༣  ༠༩ ༠༨ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 93 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཉིན་གཉིས་པ…
error: རྩོམ་འདི་བདག་དབང་ཅན་ཡིན།