ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེས་དད་ལྡན་སློབ་མ་རྣམས་ལ་ཁྲིད་གདམས་བསྩལ་བའི་གནས་བསྡུས།

དཔོན་སློབ་དཔེ་ཁྲིད།༡ཉེ་བའི་ཆར་༧སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་ཕ་རན་སི་གཙོས་ཡུ་རོབ་བོན་ཚོགས་ཁག་ལ་ཕེབས་ནས་དད་ལྡན་སློབ་མ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཁྲིད་ལུང་བཀའ་དྲིན་བསྐྱངས་གནང་།དེ་ཡང་༧ཡོངས་འཛིན་ཚུལ་རྒྱན་པས། ལས་ཀྱིས་འབྲེལ་བའི་དད་སྦྱིན་སོགས། །འགྲོ་དྲུག་ཐུགས་རྗེའི་ཞིང་ས་ལ། །བཟང་ངན་ངོ་སྲུང་མེད་པ་རུ། །དཔོན་སློབ་དཔེ་ཁྲིད།ཚད་མེད་སྙིང་རྗེའི་ཚད་ཅིག་བཟུང་། །ཞེས་པ་ལྟར་འབྲེལ་ཡོད་ཕྱི་གླིང་བའི་སློབ་མ་རྣམས་ཀྱི་དད་གུས་ཤེས་རབ་ཀྱི་ཞིང་ས་རུ་ཐར་པའི་སོན་གཞི་བསྐྲུན་པ་སྟེ། བོན་སྒོ་ཕྱི་ནང་གསང་གསུམ་གྱི་གདམ་ངག་གི་གནད་རྣམས་བློ་ཚད་དང་སྦྱར་ནས་སྒྲ་དག་ཚིག་གསལ་གྱི་སྒོ་ནས་རྒྱུད་ལུང་གི་དགོངས་པ་དང་མཐུན་པར་བཀྲལ་གནང་བ་དང་། དཔོན་སློབ་དཔེ་ཁྲིད།༤ལས་ཉོན་སྡིག་སྒྲིབ་སྦྱོང་བའི་ཐར་ལམ་གྱི་རིམ་པ་རྣམས་དུག་ལྔའི་གཅོང་ནད་སེལ་བའི་སྨན་དུ་སྦྲུས་ནས་གདམས་པར་མཛད་དེ་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ས་གནས་ཁག་མི་འདྲ་བ་དུ་མར་ཕྱོགས་ཕེབས་གནང་ཞིང་། སྔོན་འགྲོ་དང་། ཞི་གནས། དངོས་གཞི་ངོ་སྤྲོད་སྐོར་སོགས་ཐར་སྨིན་གྱི་ཁྲིད་ལུང་དུ་མ་བཀའ་དྲིན་བསྩལ་ནས་དད་ལྡན་སློབ་མ་རྣམས་ཀྱི་ཐུགས་འདོད་བསྐངས་པ་དང་། དཔོན་སློབ།དུས་ཀྱི་བར་གསེང་རྣམས་སུ་གཤེན་བསྟན་དར་རྒྱས་གླིང་དུ་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཐེངས་བཞི་པར་མཉམ་བཞུགས་གནང་བ་མ་ཟད་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་སྐུ་གམ་ནས་༧ཡོངས་འཛིན་ཚུལ་རྒྱན་པའི་གསུང་འབུམ་གྱི་བཀའ་ལུང་གསན་བཞེས་གནང་བ་དང་། ནམ་མཁའ་འདྲེན་པ།དོགས་གནས་ཁག་འགར་བཀའ་འདྲི་དང་བཅས་ཐོས་སྒོམ་ཉམས་ལེན་གྱི་ངང་དུ་དུས་འདའ་བར་མཛད་དེ་ཕྱི་ལོའི་༢༠༡༦ཟླ་༠༧ཚེས་༡༧ཉིན་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས་སུ།

སྲིད་པའི་མིག་གིས་ཕྱི་ལོའི་ ༢༠༡༦ ཟླ་ ༠༧ ཚེས་ ༡༧ ཉིན།

(སྤྱིའི་གཟིགས་གྲངས། 58 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།