ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་མཁན་རིན་པོ་ཆེ་ནས་འཇའ་མེན་དུ་ཟབ་གདམས་བཀའ་དྲིན་བསྐྱངས་པ།

    དེ་ཡང་འགྲོ་བའི་དོན་དུ་གཤེན་རབ་སྐུ་མི་འཕངས་ཞེས་པ་ལྟར་༧སྐྱབས་རྗེ་ཡོངས་འཛིན་སྟོན་འཁོར་རྣམས་ཀྱིས་འབྲེལ་ཐོགས་སློབ་མ་རྣམས་ཀྱི་རེ་འདོད་མི་བཅག་པའི་ཕྱིར་དུ་ལོ་བསྟར་འཇའ་མེན་༼གཡུང་དྲུང་བོན་ཚོགས་༽སུ་ཕེབས་ཏེ་འཇའ་མེན་བོན་སློབ་རྣམས་ལ་གསུང་གདམས་བསྩལ་ནས་བཟུང་ད་བར་ལོ་ངོ་བཅུ་གྲངས་ཕྱིན་ཡོད།

     སྐབས་དེ་དག་གི་རིང་༧ཡོངས་འཛིན་སྟོན་འཁོར་རྣམ་གཉིས་ཀྱིས་སློབ་མའི་བློས་ཐེག་ཚོད་དང་བསྟུན་རྫོགས་པ་ཆེན་པོའི་བོན་སྡེ་གསུང་ཞལ་ཕྱེས་ཏེ་སྔོན་དངོས་རྗེས་གསུམ་གྱི་སྒོ་ནས་དཔེ་ཁྲིད་དང་ཉམས་ལེན་སྦྲགས་མ་བཀའ་དྲིན་བསྐྱངས་པས་སློབ་མ་རྣམས་ཀྱིས་རྫོགས་ཆེན་དངོས་སྦྱང་གི་ལག་ལེན་ལ་འཇུག་པའི་གོ་སྐབས་བཟང་པོ་ཐོབ་ཡོད། སྒོས་སུ་མཁན་རིན་པོ་ཆེ་མཆོག་ལོ་རེར་ཕེབས་ཐེངས་གཉིས་རེ་བསྐྱངས་ནས་འཇའ་མེན་སློབ་མ་རྣམས་ལ་དཔེ་ཁྲིད་ལོ་ནས་ལོ་བསྟུད་པས་ཉམས་ལེན་པ་རྣམས་རྫོགས་པ་ཆེན་པོའི་བོན་ལ་དད་ཞེན་ཇེ་ཆེ་དང་སློབ་ཚོགས་ཇེ་མང་དུ་འཕེལ་བཞིན་པ་ནི་སློབ་དཔོན་གྱི་གདམས་ངག་གི་བྱིན་རླབས་དང་། སློབ་མའི་དད་དམ་ལ་རགས་ལས་ཀྱི་འབྲེལ་བ་ངེས་ཅན་གྲུབ་པ་ནི་བརྗོད་ཅི་ལ་དགོས།

     དེ་ལྟར་༧ཡོངས་འཛིན་སྟོན་འཁོར་རྣམས་ཀྱིས་ཐོག་མར་འཇའ་མེན་བོན་པོ་རྣམས་ལ་རྫོགས་ཆེན་གྱི་ཚད་མ་དང་། མ་རྒྱུད་བོན་སྐོར་ནས་གསུང་གདམས་བསྩལ། དེ་རྗེས་བོན་རང་ལུགས་ཀྱི་རྩ་བའི་རྫོགས་ཆེན་གྱི་བོན་སྡེ་བཞི་ལས་ཡེ་ཁྲི་མཐའ་སེལ་གྱི་ལེའུ་ཚན་ཁག་ནས་གསུང་ཁྲིད་བཀའ་དྲིན་བསྐྱངས་མཐར་བླ་མ་གཤེན་སྲས་ལྷ་རྗེའི་སྙན་རྒྱུད་དྲན་པ་གསེར་གདམས་ནས་གསུང་གདམས་བཀའ་དྲིན་བསྐྱངས། དེ་མུས་འདི་ལོ་༢༠༡༥ཡང་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་སྟོན་འཁོར་གཉིས་འཇའ་མེན་གཡུང་དྲུང་བོན་ཚོགས་སུ་ཞབས་སོར་བཀོད་དེ་ཕྱི་ཟླའི་༩ཚེས་༡༡ནས་༡༥བར་མཁན་རིན་པོ་ཆེ་མཆོག་གིས་སྔར་འཕྲོས་དྲན་པ་གསེར་གདམས་གྱི་མཁའ་འགྲོ་བརྒྱད་ཅུའི་ཞལ་གདམས་རེ་དང་ཐུན་སྦྱོང་རེ་སྦྲགས་མའི་སྒོ་ནས་ཉམས་ལེན་གྱི་ཚོགས་ཐུན་བསྐྱངས་པས་སློབ་མ་རྣམས་དགའ་དད་སྤྲོ་གསུམ་དང་བཅས་ཏེ་འཇུག་པ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ།

                                                                       སྲིད་པའི་མིག་ཅེས་སུ་འབོད་པས་སྒོམ་གྲྭའི་ཐུན་མཚམས་ནས་སྤེལ།

(སྤྱིའི་གཟིགས་གྲངས། 43 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།