༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་རང་གནས་སུ་ཞབས་སོར་བདེ་བར་འཁོད་པ།
ཉེ་ཆར་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་ཨ་རྒྱན་ཊཱིན་ན་(Argentina)རུ་ཕེབས་ཏེ་དེ་གའི་སློབ་མ་རྣམས་ལ་ཁྲིད་གདམས་བསྩལ། དེ་རྗེས་མཁན་རིན་པོ་ཆེ་མཆོག་དང་དགེ་བའི་བཤེས་གཉེན་བློ་གྲོས་མཆོག་ལེགས་སྟོན་འཁོར་གཉིས་མིག་སུ་ཀོ་mexicoརྒྱལ་ས་དང་། མངའ་སྡེ་ཊོ་ཡོན (Torreon)ཞེས་པའི་ས་གནས་ཁག་གཉིས་སུ་ཞབས་སོར་བཀོད་དེ་ལོ་བསྟར་བཞིན་འདི་ལོ་ཡང་ལིག་མིན་རྐྱ་བྱམས་མ་གླིང་དུ་དད་ལྡན་སློབ་འབངས་རྣམས་ལ་ཉིན་གྲངས་དང་བསྟུན་ཟབ་གདམས་བཀའ་དྲིན་བསྐྱངས།
ཉིད་ཀྱི་ཐུགས་རྗེའི་བྱིན་རླབས་ཐོབ་པའི་དེ་གའི་སློབ་མ་རྣམས་ཀྱིས་དགའ་གུས་ཡིད་རངས་དང་བཅས་སླར་ཡང་ཞལ་མཇལ་གསུང་ཐོས་ཀྱི་རེ་བསྐུལ་གསོལ་འདེབས་དང་སྦྲགས་བསྟན་འགྲོའི་མཛད་འཕྲིན་ལེགས་པར་གྲུབ། སླར་ཕྱི་ཟླ་༡༠ཚེས་༠༧ཉིན་གཤེན་བསྟན་དར་རྒྱས་གླིང་དུ་ཞབས་སོར་བདེ་བར་འཁོད་པའི་གནས་བསྡུས་སུ།
སྲིད་པའི་མིག་ནས་ཕྱི་ལོ་༢༠༡༥ཟླ་༡༠ཚེས་༨ཉིན་ཐུན་མཚམས་སུ་སྤེལ།