ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ནེ་པལ་ཡོལ་མོ་བོན་ཚོགས་ཀྱི་ཐེངས་གཉིས་པའི་འདུ་ཚོགས་ལེགས་གྲུབ་བྱུང་བ།

གསར་གནས་སྤེལ་མཁན་ཀླུ་བྲག་པ་ཀུན་སྐྱོང་རྒྱལ་པོ།

བལ་བོན་༣སྤྱི་ལོ་༢༠༡༦, སྤྱི་ཟླ༨, སྤྱི་ཚེས་༦, ཉིན་བལ་ཡུལ་བོན་པོའི་མི་རིགས་གུ་རུང་དང་། ཏ་མང་། ཤར་པ། ཡོལ་མོ་བཅས་ཀྱི་རེ་ཞུས་ལྟར་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་རིན་པོ་ཆེ་དབུ་བཞུགས་ཐོག ཚ་རོང་དགེ་བཤེས་བསྟན་འཛིན་བློ་གྲོས། བྱི་བྱེར་དགེ་བཤེས་ཡོན་ཏན་མཆོག་གྲུབ་དང་ཕྲན་བཅས་དེ་གར་ཚོགས་བཅར་བྱས་པ་ཡིན། བླ་གྲྭ་རྣམས་ཏ་མང་ནང་པའི་དགོན་པར་གདན་དྲངས་རྗེས་ཐོག་མར་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་རིན་པོ་ཆེས་སྣང་གསལ་མར་མེ་སྒྲོན་གནང་བ་དང་བསྟུན་བལ་ཡུལ་རྒྱལ་ཁབ་ཀྱི་རྒྱལ་གླུ་དབྱངས་སུ་གྱེར། བལ་བོན༤དེ་རྗེས་ནེ་པལ་ཡོལ་མོ་བོན་པོ་ཚོགས་པའི་ཚོགས་གཙོ་པ་སངས་ཕུར་པ་ཤར་པ་ལགས་ནས་ཐེངས་གཉིས་པའི་ཡོལ་མོ་བོན་པོ་ཚོགས་པའི་ཚོགས་ཆེན་ངོ་སྤྲོད་གནང་རྗེས་མི་རིགས་དེ་དག་གི་རིག་གཞུང་དང་འབྲེལ་བའི་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་མཚམས་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་རིན་པོ་ཆེས་མི་མང་རྣམས་ལ་བོན་པོའི་ཆོས་ལུགས་ཀྱི་བྱུང་ཁུངས་དང་།བལ་བོན་༥ བོན་པོའི་ཆོས་ལུགས་ཀྱི་ངོ་བོ།  ད་ལྟའི་གནས་སྟངས། མ་འོངས་སྲུང་སྐྱོབ་བྱེད་ཕྱོགས་ཐད་ནས་བཀའ་སློབ་ལམ་སྟོན་གནང་། དེ་རྗེས་ཚོགས་བཅར་བ་ནམ་བར་ཤར་པ་གཙོས་ཚོགས་མི་འགས་གཏམ་བཤད་སྤེལ།བལ་བོན།༢ མཐར་ནེ་པལ་ཡོལ་མོ་བོན་པོ་ཚོགས་པའི་ཚོགས་གཙོ་པ་སངས་ཕུར་པ་ཤར་པ་ལགས་ནས་ཐེངས་གཉིས་པའི་ཚོགས་ཆེན་མཇུག་སྡོམ་གསུང་བཤད་དང་བཅས་ཚོགས་འདུ་ལེགས་གྲུབ་བྱུང་བའི་གནས་ཚུལ་མདོར་བསྡུས་སུ་ཀླུ་བྲག་པ་ཀུན་སྐྱོང་རྒྱལ་པོ་ནས།

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།