ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་བདེ་བར་གཤེགས་པའི་ཐུགས་དམ་གྲོལ་ནས་རང་དགོན་དུ་སྐུ་གདུང་གདན་འདྲེན་ཞུ་རྒྱུའི་མཛད་རིམ་གསལ་བརྡ།

༄༅་། །འཛམ་གླིང་གང་སར་གནས་བཞུགས་གཡུང་དྲུང་བོན་གྱི་དད་ལྡན་རྣམས་དང་། འབྲེལ་ཐོགས་ཡོངས་ལ་ཆེད་ཞུ།

 གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་ཕྱི་ལོ་༢༠༢༥ ཟླ་༦ ཚེས་༡༢ ཉིན་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ཕྱི་ཟླ་༦ ཚེས་༡༩ དགོང་མོ་བར་ངོ་མཚར་ཆེ་བའི་ལྟས་དང་བཅས་ཐུགས་དམ་གཡོ་མེད་དུ་བཞུགས་ཏེ་ཁ་སང་མཚན་མོར་ཐུགས་དམ་གྲོལ་བར་བརྟེན། སང་ཉིན་ཕྱི་ཚེས་༢༡ ཉིན་སྔ་དྲོ་ཆུ་ཚོད་༦ པའི་ཐོག་སྐུ་གདུང་རིན་པོ་ཆེ་དབེན་གནས་བྱེ་མ་རི་ཁྲོད་ནས་རང་དགོན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་གདན་འདྲེན་ཞུ་རྒྱུ་ལགས་ན། ས་གནས་སུ་དངོས་བཞུགས་དད་ལྡན་རྣམས་སྐུ་གདུང་རིན་པོ་ཆེ་ཕེབས་བསུར་བཅར་གནང་ཡོང་བ་དང་། སང་ཉིན་ནི་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་ཞེ་དགུའི་བདུན་ཚིགས་དང་པོ་ཡིན་པས་དགོན་པར་དངོས་སུ་བཅར་ཐུབ་མིན་ལ་མ་ལྟོས་པར་རང་རང་གི་ས་རུ་དད་མོས་རྩེ་གཅིག་གི་སྒོ་ནས་བླ་མའི་རྣལ་འབྱོར་དང་གཞན་དགེ་སྦྱོར་གང་ཐུབ་འབད་རྒྱུར་སྐུལ་མ་ཞུ་རྒྱུ་བཅས།

 

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཡིག་ཚང་ནས་༢༠༢༥ ཟླ་༦ཚེས་༢༠ ཉིན།

 

                                       

                                                                                     20, June 2025

Notice


Dear Devotees and Friends,

Our beloved teacher, His Eminence Yongdzin Rinpoche, entered the Thugdam meditative state upon his Parinirvana on June 12th and remained in this profound state until the night of June 20th, 2025. As he has now concluded his Thugdam, we would like to inform and notify everyone that his holy Kudung will be brought to Triten Norbutse Monastery tomorrow, June 21st, 2025.

Every one of you are warmly invited to join us in receiving the holy Kudung at the monastery—either in person or in spirit—with unity in devotion and Guru Yoga. Tomorrow also marks the completion of the first week of the 49-day period of prayers.



With gratitude and heartfelt prayers,

The Office of Triten Norbutse Monastery

 

 

(སྤྱིའི་གཟིགས་གྲངས། 1,963 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།