ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ལིག་མིན་རྐྱ་བྱམས་མ་གླིང་དུ་བོན་འཆད་ཁྲིད་གནང་བ།

བྱམས་མ་གླིང་།པོ་ལན་དྲུ།པོ་ལན་དྲུ།༣ བྱམས་མ་གླིང་། པོ་ལྣ་དྲུ།༢ ༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བརྟན་པ་གཡུང་དྲུང་མཆོག་དང་དགེ་བའི་བཤེས་གཉེན་ལུང་རིག་རྣམ་དག་སྟོན་འཁོར་གཉིས་ཉེ་ཆར་polandཔོ་ལན་དྲུ་བོན་ཚོགས་བྱམས་མ་གླིང་དུ་ཕྱོགས་ཕེབས་གནང་། དེ་གའི་དབུ་བླ་དགེ་བཤེས་གཡུང་དྲུང་རྒྱ་མཚོ་གཙོས་ཚོགས་པའི་འགན་འཛིན་རྣམས་ཀྱིས་བསུ་མ་བཅས་རིན་པོ་ཆེ་སྟོན་འཁོར་གཉིས་ཕྱི་ལོ་༢༠༡༥ཟླ་༡༠ཚེས་༡༥ཉིན་བོན་ཚོགས་བྱམས་མ་གླིང་དུ་ཞབས་སོར་བདེ་བར་འཁོད།པོ་ལན།༡ ཕྱི་ཚེས་༡༦་ནས་བཟུང་མཁན་རིན་པོ་ཆེ་མཆོག་གིས་སྔར་རྒྱུན་བཞིན་དཔེ་ཁྲིད་དང་ལག་ལེན་སྦྲགས་མའི་སྒོ་ནས་སློབ་ཚོགས་རྣམས་ལ་ཉིན་ཞག་གསུམ་རིང་བོན་ཁྲིད་བཀའ་དྲིན་བསྐྱངས། འདི་ལོར་རྫོགས་ཆེན་ཀུན་བཟང་སྙིང་ཐིག་ནས་གསུང་ཁྲིད་དབུ་བཙུགས་ཤིང་དཀའ་གནད་གསེད་བཀྲོལ་དང་། ཐོས་དོན་རང་རྒྱུད་ལ་འབྱོར་བའི་ཉམས་ལེན་གྱི་ཞལ་ཏ་ཡང་ཡང་གནང་བ་མ་ཟད་སློབ་འབངས་རྣམས་ཀྱི་སེམས་ཀྱི་རེ་གསོལ་དང་འདོད་དོན་བསྒྲུབས་པ་ཞིག་སྟེ། གཤེན་བསྟན་རིན་པོ་ཆེ་འདི་ཉིད་འགྲོ་བའི་སྡུག་བསྔལ་གྱི་ན་ཚའི་གཉེན་པོ་སྨན་དུ་ཐེངས་ངེས་སུ་མཛད་པ་དང་། མཆོག་ཐུན་གྱི་དངོས་གྲུབ་དང་། བསོད་ནམས་ཀྱི་ཚོགས་གསོག་པའི་དགེ་སྦྱོར་གྱི་ལམ་སྟོན་མཛད་པ་བཅས་བསྟན་འགྲོའི་དོན་མཛད་དེ་སླར་རང་གནས་སུ་བདེ་བར་འཁོད་པའི་གནས་བསྡུས་ཙམ་དུ།

སྲིད་པའི་མིག་ཅེས་སུ་འབོད་པས་ཕྱི་ལོ་༢༠༡༥ཟླ་༡༠ཚེས་༢༠ཉིན་ཐུན་མཚམས་སུ་སྤེལ།

 

 

(སྤྱིའི་གཟིགས་གྲངས། 45 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཡང་ཟབ་ནམ་མ…
error: རྩོམ་འདི་བདག་དབང་ཅན་ཡིན།