ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེ་ནས་བླ་ཆེན་དྲན་པའི་འབུམ་ཚོགས་ཆེན་མོ་འབུལ་བཞིན་པ།

སངས་རྒྱས་བསྟན་པའི་མངའ་བདག་རྫུ་འཕྲུལ་ཞབས་ཀྱིས་བཅག་པའི་གནས་མཆོག་འཕགས་པ་ཤིང་ཀུན་ཏུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་འདུས་སྤྱི་ནས། འཇིག་རྟེན་ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་དུ་བརྟན་པ་དང་། ༸སྐྱབས་རྗེ་མཁན་སློབ་རྣམ་པ་དང་། རྒྱལ་བ་གཤེན་ཚང་ཡབ་སྲས་གཙོས་རིས་སུ་མ་ཆད་པའི་བསྟན་འཛིན་སྐྱེས་ཆེན་རྣམ་ཀྱི་གསང་གསུམ་གེགས་མེད་བརྟན་ཅིང་མཛད་ཕྲིན་ལྷུན་གྱིས་འགྲུབ་པ་དང་། བསྟན་སྦྱིན་ལྷ་སྡེ་མི་མང་གི་རེ་བའི་བྱ་བ་ལམ་སློང་ཡོང་བ་དང་། སྙིགས་མའི་དུས་ཀྱི་རྒུད་ཚོགས་ཐམས་ཅད་མྱུར་དུ་ཞི་ནས་ཕན་བདེའི་རྩ་ལག་ཕུན་སུམ་ཚོགས་པ་འབྱུང་བའི་ཆེད་དུ་དམིགས་ནས། ལོ་འགོ་ལ་སྲིད་རྒྱལ་འབུམ་ཚོགས་དང་། ལོ་མཇུག་ཏུ་དྲན་པའི་འབུམ་ཚོགས་ཆག་མེད་འབུལ་སྲོལ་ཡོད་པ་བཞིན།

འདི་ལོ་ཡང་བོད་ས་ཁྱི་ལོའི་ཧོར་ཟླ་ ༩ ཚེས་ ༢༠ ནས་ ༢༧ བར་དུ་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་སྐྱབས་གནས་འདུས་སྡེ་རྒྱ་མཚོས་བདུན་ཕྲག་གཅིག་གི་རིང་ལ། རིག་འཛིན་ཀུན་གྱི་གཙོ་བོ། ཀུན་བཟང་ཐུགས་ཀྱི་སྤྲུལ་པ། གཤེན་རབ་བསྟན་པའི་གཉེར་དཔོན། ལྔ་སྙིགས་དུས་ཀྱི་དཔལ་མགོན་ཞལ་གྱིས་བཞེས་པའི་། བྱང་སེམས་ནམ་མཁའ་ལྟ་བུའི་བདག་ཉིད་རྒྱལ་དབང་ཁོད་སྤུངས་དྲན་པའམ་བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་ཐབས་ཡང་སྙིང་དབང་གསུམ་གྱི་སྒོ་ནས་འབུམ་ཚོགས་ཀྱི་མཆོད་སྤྲིན་ཆེན་མོ་རྒྱས་འབུལ་ཞུ་བཞིན་ཡོད་པ་བཅས་ཀྱི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས། ༢༠༡༨ ༡༠ ༣༡ ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 252 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དེ་ཡང་༧སྐྱ…
error: རྩོམ་འདི་བདག་དབང་ཅན་ཡིན།