ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་མཁན་རིན་པོ་ཆེ་སྐུ་འཁོར་རྣམས་རང་དགོན་དུ་ཞབས་སོར་བདེ་བར་འཁོད་པ།

ཉི་ཟླ་བསུ་བའི་དབྱངས།

ཁྱུང་ཐོག་རྒོད།

89ཨེ་མ་སྐལ་བཟང་ཚིག་གི་ཕྲེང་།།

གདུང་ཤུགས་དབྱངས་ཀྱི་འགྲོས་ལ་བསྡེབས།།

ལྷ་མིའི་སྙན་ལ་གསོས་ཤིག་སྦྱིན།།

འདི་ན་དབང་པོ་གཡར་བར་གྱིས།།

5

ཅི་སྟེ་མི་མཇེད་འཇིག་རྟེན་འདིར།།

བསམ་བཞིན་བྱོན་པའི་ཉི་ཟླ་ཟུང་།།

སྤྲིན་དང་ཁུ་རླངས་གདན་བྱས་ཏེ།།

མཁའ་རུ་འཚེར་བའི་སྐལ་བཟང་ཚེས།།

4

 

གནམ་ལ་གཟའ་སྐར་བག་བྲོ་བས།།

གཞའ་སྤྲིན་རི་མོ་ལམ་དུ་བྱས།།

ཉི་ཟླ་གསལ་བའི་མཐོང་སྒོ་ཕྱེས།།

བསུ་བའི་རྟེན་འབྲེལ་གནམ་ལ་ཤར།།

7

 

ས་ལ་ལྷ་མི་ཁ་དགེ་བས།།

བཀྲ་ཤིས་རྟགས་ཀྱིས་མཚོན་པ་ཡི།།

རི་མོའི་རེ་ཁཱ་འབུར་དུ་དོད།།

ཕེབས་པའི་བསྐལ་བཟང་ས་ལ་བཀྲ།།

2

དགུ་བཅུའི་རྒྱལ་མཚན་གསེར་གྱི་ཏོག།

ནོར་བུ་རྩེ་རུ་བཀོད་པ་ཡི།།

གཤེན་སྡེའི་རུ་བསྟར་བྱུ་རུའི་ཕྲེང་།།

དགའ་དད་འཛུམ་གྱིས་མཛེས་པར་བྱས།།

9

 

དགྱེས་ཞལ་ཉི་ཟླ་གསལ་བའི་འོད།།

ཀླུ་གྲུབ་རི་བོར་འཛུམ་པ་ཡི།།

ལྷ་མིའི་སེམས་ཀྱི་འཆར་སྒོ་རུ།།

དད་པའི་སྣང་བརྙན་སལེར་མངོན།།

10འདི་ནས་བསྐལ་པ་ཇི་སྲིད་བར།།

སྲིད་དང་ཞི་བའི་མཆོད་སྡོང་དུ།།

མི་ཤིགས་སྐུ་ཡི་དཀྱིལ་འཁོར་ཉིད།།

རྟག་བརྟན་གཡུང་དྲུང་ཁྲི་རུ་བཀོད།།

ཅེས་འོ་སྐོལ་གྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༸དཔལ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སློབ་དཔོན་སྨྲ་བའི་སེང་གེ་མཆོག་དང་༸གདན་ས་ཁྲི་བརྟན་ནོར་བུ་རྩེའི་བསྟན་བདག་མཁན་རིན་པོ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཧྥ་རན་སུ་གཤེན་བསྟན་དར་རྒྱས་གླིང་ནས་རང་དགོན་དུ་༢༠༡༦། ༡༢། ༣། ཉིན་ཞབས་སོར་འཁོད་པའི་སྐལ་བཟང་དུས་ཀྱི་གསར་གནས་ཚུལ་དུ་ཁྱུང་ཐོག་རྒོད་ཀྱིས།

 

38150cookie-check༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་དང་མཁན་རིན་པོ་ཆེ་སྐུ་འཁོར་རྣམས་རང་དགོན་དུ་ཞབས་སོར་བདེ་བར་འཁོད་པ།
(སྤྱིའི་གཟིགས་གྲངས། 19 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བླ་ཆེན་དྲན…
error: རྩོམ་འདི་བདག་དབང་ཅན་ཡིན།