ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ།

སློབ་དཔོན་ཁྲི་ཐོག་སངས་རྒྱས་བསྟན་འཛིན་རྗེ། །ཚོ་སྤྱི་ཧོར་རྗེའི་མངའ་ཁུལ་འབྲོག་ཤོག་ཏུ། །རྨེའུ་གདུང་སྐྱེ་བླའི་སྲས་སུ་ཆུ་བྱི་ལོར། །འཁྲུངས་ཤིང་མཁས་གྲུབ་དུ་མར་གདམས་ངག་གསན། །གཡུང་དྲུང་གླིང་དུ་གཞུང་ལུགས་རབ་འབྱམས་བཞེངས། །འབྲས་སྤུངས་སུ་བཞུགས་དབུ་ཚད་ཕར་ཕྱིན་སོགས། །གཞུང་ཆེན་དུ་མར་སྦྱངས་རྟོགས་ཆེར་སོན་མཛད། །མཁས་པའི་གྲགས་སྙན་ས་ཆེན་ཁྱབ་བཞིན་དུ། །སྐུ་མདུན་ཉི་དབང་ཕྲིན་ལས་ལ་བསྟེན་ནས། །སྨན་རིར་མཚན་ཉིད་བཤད་ཐོག་སློབ་དཔོན་བཞུགས། །མདོ་སྔགས་སེམས་གསུམ་བསྟན་སྲིད་གསོ་སྤེལ་དང། །མཛད་པ་བསམ་ཡས་གཟིགས་པས་རྒྱ་གར་བྱོན། །དེང་སང་བསྟན་འགྲོའི་དོན་མཛད་ཞབས་པད་བརྟན། །” ཞེས་འཁོད། (དེང་སང་ཞེས་པ་ ༡༩༧༢ ལོར་གོ་དགོས།)

(མ་རྩོམ་ཡོང་ཁུངས། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་ལས་སོ། །)

(སྤྱིའི་གཟིགས་གྲངས། 110 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་གྱི་ཡ…
error: རྩོམ་འདི་བདག་དབང་ཅན་ཡིན།