ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧དཔལ་ལྡན་ཁྲི་བརྟན་ནོར་རྩེར་ལོ་འགོའི་སྒྲུབ་པ་འཚོགས་ནས་བཀའ་དབང་བསྩལ་པ།

2འཆར་ཅན་བཞིན་འདི་ག་དཔལ་ལྡན་ཁྲི་བརྟན་ནོར་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རེའི་སློབ་ཚན་གསར་པ་དབུ་འཛུགས་ཀྱི་ཐོག་མར་སློབ་སྦྱོང་ལ་བར་ཆད་མི་འབྱུང་བ་དང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སེམས་སུ་སྨིན་ནས་སྐབས་བབ་སྦྱང་བྱའི་དོན་གྱི་གནད་ཁྲོལ་བ་སོགས་དགོས་པ་དུ་མར་དམིགས་ཏེ་སྒྲུབ་པ་ཆེན་མོ་གཏན་འཇག་འཚོགས་སྲོལ་ཡོད་པ་ལྟར། 4འདི་ལོ་ཡང་སྤྱི་ལོ་༢༠༡༦།༢།༢༦ནས་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་། ཟླ༣། ༡ནས་བཅའ་བཟོའི་ལས་རིམ་གྲུབ་པར་བྱས། ཚེས་༢ནས་བཟུང་སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱི་ཐོག་བཤད་གྲྭ་བ་རྣམས་ཀྱིས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་པ་དང་། སྒྲུབ་གྲྭ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་གྲྭ་བ་རྣམས་བླ་ཆེན་དྲན་པའི་སྒྲུབ་པ་འཚོགས།5 གསོ་རིག་འབུམ་བཞིའི་དགེ་སློབ་རྣམ་པས་སངས་རྒྱས་སྨན་ལྷའི་སྒྲུབ་པ་འཚོགས། གཞི་རིམ་སློབ་གྲྭའི་དགེ་སློབ་རྣམ་པས་སྨྲ་སེང་སྒྲུབ་ཆུང་བཅས་འཚོགས་ནས་ཉིན་བདུན་པའི་དགོང་མོ་གབ་སྦས་གསང་བའི་ཤམ་བུ་དང་། ཕྱྭ་སྲས་ཀེང་ཙེ་སྦྲགས་ནས་མཚན་ཕུད་ཀྱི་སྒྲུབ་པ་མཛད། 12ཚེས་༩ཉིན་འདུས་ཚོགས་དང་། དད་ལྡན་ལྷ་སྡེ་མི་མང་རྣམས་ལ་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་་སངས་རྒྱས་སྨན་ལྷའི་བཀའ་དབང་ཟབ་མོ་སྨིན་སྩོལ་མཛད་དེ། ཁོང་གིས་”སྤྱིར་འགྲོ་ཀུན་ནད་ཀྱི་གདུང་བ་བསལ་བ་དང་། 7ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུའི་སྙུང་གཞི་དྭངས་གསལ་ཡོང་བའི་ཆེད་དུ་དམིགས་བསལ་སངས་རྒྱས་སྨན་ལྷའི་བཀའ་དབང་འདི་བསྩལ་བ་ཡིན།” ཞེས་སོགས་དགོས་དམིགས་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གསུངས་ཏེ་དབང་མཆོག་བསྐུར་བ་དང་། འདུས་མང་ལ་བདུད་རྩི་སྨན་གྱི་བྱིན་རླབས་རྣམས་འགྱེད་ནས་སྒྲུབ་པ་ཆེན་མོ་དེ་ཉིད་མཇུག་གྲུབ་པ་བཅས་ཀྱི་གནས་བསྡུས་སུ་ཏི་སེའི་བུ་ནས་༢༠༡༦། ༣། ༩ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 46 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གལ་ཆེའི་གས…
error: རྩོམ་འདི་བདག་དབང་ཅན་ཡིན།