ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསལ་བརྡ།

ཁྲི་འཛིན་རིན་པོ་ཆེ།༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ།གལ་ཆེའི་གསལ་བསྒྲགས།

༄༅། །འཛམ་གླིང་ཕྱོགས་མཐའ་ཁག་ངེས་མེད་དུ་བཞུགས་པའི་༸ཞྭ་དཀར་གཡུང་དྲུང་བོན་ལུགས་འཛིན་པའི་དད་ལྡན་ལྷ་མི་སྡེ་དགོན་སྐྱ་སེར་ཡོངས་ཀྱི་སྙན་དབང་དུ་དོ་གལ་ཆེར་པོར་ཞུ་དོན་སྙིང་པོ་ནི།

      གསལ་བརྡ། མཁྱེན་གསལ་ལྟར་རང་རེ་༸ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་རིན་པོ་ཆེ་མཆོག་ཉེ་ལམ་སྐུ་ཁམས་ཅུང་བདེ་མིན་དབང་གིས་ཕྱི་གླིང་ཨ་རིའི་ཡུལ་དུ་སྨན་བཅོས་ཆེད་ཆིབས་བསྒྱུར་གནང་ཡོད་པ་དང་། དེ་ཡང་ད་ལྟའི་ཆར་སྤྱི་ཡི་ཆ་ནས་རིན་པོ་ཆེ་མཆོག་གི་སྐུ་ཡི་སྙུང་ཁམས་དེ་ཙམ་གྱིས་ཛ་དྲགས་མིན་ན་ཡང་། ད་ལམ་གཙོ་གནད་ཀྱི་སྙུང་གཞིར་དངོས་གཞིའི་སྨན་བཅོས་མ་གནང་བའི་སྔོན་དུ་ཇི་དགེའི་ཞབས་རིམ་རིན་པོ་ཆེ་རང་ལ་བཀའ་འདྲི་དགོངས་སྐོར་ཞུས་སྐབས་རིན་པོ་ཆེ་མཆོག་གིས་བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ་འབུམ་གཅིག་དང་། ཕུར་པའི་སྟོང་ཚོགས། ཕུར་པའི་བསྙེན་པ་འབུམ་གཅིག དྲན་པའི་ཚེ་བསྙེན་འབུམ་གཅིག བོན་སྐྱོང་སྐོང་གསོལ་གང་མང་བཅས་བསག་སྒྲུབ་གནང་ན་དགེ་མཚན་ཆེ་བར་གསུངས་འདུག་པས། དེས་ན་རང་རེ་སྐྱབས་འོག་པ་ཡོངས་ཀྱིས་གོང་གསལ་༸རྩ་བའི་བླ་མའི་གནད་དམིགས་ཞབས་རིམ་ཁག་མགྱོགས་ནས་མྱུར་དུ་གང་ཐུབ་སྒྲུབ་སྨིན་ཡོང་བར་ཅི་ནས་ཀྱང་གལ་ཆེ་བས་དེ་ལུགས་ཀུན་གྱིས་ལྷོད་མེད་འབད་བརྩོན་གནང་སྐྱོང་ཡོང་བར་ཞུ་ཞུ།།

༸དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ནས།

ཕྱི་ལོ་༢༠༡༦་ཟླ་༣་ཚེས་༥་ཉིན་ལ།

༄༅། །བལ་ཡུལ་གནས་འཁོད་རང་ཅག་བོན་འབངས་ཡོངས་ཀྱི་སྙན་ལམ་དུ་ཞུ་གསོལ།

WeChat_1457167046  ༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་ཕྱྭའི་ཞབས་རིམ་དང་། སྒོས་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་སྐུའི་སྙུང་གཞི་དྭངས་བ་དང་། སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་ཕྱི་ལོ་༢༠༡༦ཕྱི་ཟླ་༠༣ཚེས་༠༥དང་། ཚེས་༠༦ རེས་བཟའ་སྤེན་པ་དང་ཉི་མ་བཅས་ཉིན་གྲངས་གཉིས་ཀྱི་རིང་འདི་ག་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སྐུ་ཕྱྭའི་ཞབས་རིམ་གོ་སྒྲིག་ཞུ་བཞིན་ཡོད་པས་ལྷ་སྡེ་མི་མང་རྣམ་པ་གང་མང་འདུ་འཛོམས་ཡོང་བའི་རེ་བསྐུལ་དང་། འདི་ནས་ཞལ་ལག་དང་གསོལ་ཇ་སོགས་གྲ་སྒྲིག་ཡོད་པས་དེ་ལུགས་ཐུགས་འཇགས་ཡོད་པ་ཞུ་ཞུ།

འཚོགས་གནས། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ།

འཚོགས་དུས། ༠༩:༠༠། ནས་ ༠༤: ༠༠། བར།

༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༠༤ ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 32 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།