ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་སྒྲུབ་ཐོན་མཛད་སྒོ་ཐེངས་དང་པོའི་སྐོར་གྱི་གནས་བསྡུས།

སྤྱི་ལོ་༢༠༡༧/༠༨/༡༣ཉིན་ནས་དབུ་བཟུང་སྟེ་ཁམས་བྲག་འགོ་རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་དུ་

སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་ལས་ཆོག་གི་སྒོ་ནས་ཨ་དཀར་དུང་སྒྲུབ་ཆེན་མོ་དབུ་འཛུག་གནང་།

བྲག་མགོ༣ཚེས་༡༥ཉིན། དགོན་གྱི་ཁྲི་འཛིན་བླ་མ་མཆོག་སྤྲུལ་འཆི་མེད་གཡུང་དྲུང་རིན་པོ་ཆེ་སྟོན་འཁོར་དང་བཅས་པ་སློབ་གླིང་དུ་ཕེབས་པ་དང་། གྲྭ་བཙུན་འདུས་པ་རྒྱ་མཚོ་དང་ལྷ་སྡེ་མི་མང་ཡོངས་ནས་ཕེབས་བསུ་ལེགས་པར་ཞུས་པ་དང་འབྲེལ། མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་མཎྜལ་འདེགས་འབུལ་ཞུས་ཤིང་ཉིད་ནས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད།

ཚེས་༡༦ཉིན།གྲྭ་བཙུན་དང་རྒྱ་བོད་ལྷ་སྡེ་ཡོངས་སུ་གྱུར་པ་ཨ་དཀར་དུང་སྒྲུབ་ཆེན་མོར་མཉམ་ཞུགས་གནང་།

 བྲག་མགོ8བྲག་མགོ10ཚེས་༡༧ཉིན༸དཔལ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་བའི་དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེས་ཨ་སྙན་རྫོགས་གསུམ་གྱི་སྒྲུབ་གྲྭའི་བཅའ་གཞི་མཛད་པ་ཇི་བཞིན་ལོ་ངོ་བཞི་ཡི་རིང་ལ་སྒྲུབ་པ་ཉམས་ལེན་ཚུལ་བཞིན་བྱེད་མཁན་གྱི་སྒྲུབ་ཐོན་མ། གཞི་རིང་བཙུན་མ་ཚུལ་ཁྲིམས་ལྷ་མོ་དང་། རག་ཤི་བཙུན་མ་གཙུག་གཤེན་དཔལ་འཛིན། རྨེའུ་བཙུན་མ་སྦྱིན་པ་བྱམས་མ་རྣམ་པ་གསུམ། སློབ་མཐར་ཕྱིན་པའི་མཛད་སྒོ་འཚོགས་ཏེ་ཞོགས་པ་ཚུ་ཚོད་༠༩་ཐོག་མཆོག་སྤྲུལ་རིན་པོ་ཆེ་དང་། བླ་མ་འཇམ་དཔལ་རྒྱ་མཚོ། གཤེན་གྱི་རྣལ་འབྱོར་མ་གསུམ་བཅས་སྤོས་འདྲེན་དང་རྒྱ་གླིང་གིས་བསུས་ཏེ་ཚོགས་ཁང་དུ་གདན་དྲངས་ནས། འདུས་མང་ལྷན་འཛོམས་ཐོག་སྒྲུབ་ཐོན་མ་རྣམ་པ་གསུམ་གྱིས་ཉིན་དེའི་གཏོང་སྒོའི་སྦྱིན་བདག་རྒྱས་པར་གནང་སྟེ་འདུས་ཚོགས་སུ་བསྙེན་བཀུར་མཆོད་སྤྲིན་རྒྱས་འབུལ་ཞུས། མཆོག་སྤྲུལ་རིན་པོ་ཆེ་དང་བླ་མ་འཇམ་དཔལ་རྒྱ་མཚོ་རྣམ་པ་གཉིས་ཀྱིས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་། དེ་ནས་གཤེན་གྱི་རྣལ་འབྱོར་མ་ཁྲི་བཞེངས་མཛད་དེ། གྲྭ་བཙུན་དང་། རྒྱ་བོད་ལྷ་སྡེ་ཡོངས་སུ་རྫོགས་པས་མཇལ་ཁ་ཞུས་ནས་སོ་སོས་དར་དཀར་དང་ཕན་ཐོག་བཅས་ཕུལ་ཏེ་རང་ཤག་ཏུ་གདན་འདྲེན་ཞུས།

བྲག་མགོ༦བྲག་མགོ7ཕྱི་དྲོ་བཤད་གྲྭ་བ་རྣམས་ཀྱིས་སྔ་ལོའི་ལོ་འཁོར་གྱི་རྒྱུགས་སྤྲོད་ཨང་རིམ་རྩེར་སོན་རྣམས་དང་སྔ་ལོ་དང་འདི་ལོ་གཉིས་ལ་བློ་རྒྱུགས་དམིགས་བསལ་ཕུལ་བ་རྣམས་ལ་བྱ་དགའི་གཟེངས་རྟགས་གནང་། ལས་ཐོག་སློབ་དཔོན་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་ནས་ང་ཚོ་བོན་པོའི་ལུགས་ལ་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ཐབས་ལམ་རྣམ་པ་གཉིས་ཀྱི་སྒོ་ནས་བསྒྲུབ་དགོས་ཏེ། དེ་ཡང་བཤད་གྲྭ་དང་སྒྲུབ་གྲྭ་གཉིས་ཀྱིས་བསྒྲུབ་དགོས་རེད། དཔེར་ན་འཇའ་ལུས་ཉེར་བཞི་ལྟ་བུས་རི་ཁྲོད་ཀུ་སུ་ལུ་པའམ་སྒྲུབ་གྲྭའི་ལམ་ལུགས་བསྐྱངས་བ་དང་། དྲན་པ་ནམ་མཁའ་དང་ལི་ཤུ་ལ་སོགས་ཀྱིས་མཁས་པ་པཎྚི་ཏའམ་བཤད་གྲྭའི་ལམ་ལུགས་མཛད་པ་སོགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་བཀའ་སློབ་གནད་སྨིན་བསྩལ། ཚེས་༡༨ཉིན།   མཆོག་སྤྲུལ་རིན་པོ་ཆེ་དང་། བླ་མ་འཇམ་དཔལ་རྒྱ་མཚོ་རྣམ་གཉིས་དབུ་བཞུགས་ཐོག་གྲྭ་བཙུན་དང་ལྷ་སྡེ་མི་མང་ཡོངས་སུ་གྱུར་པས་བསང་མཆོད་ཕུལ་ཞིང་གསས་མཁར་བསྟོད།

ཚེས་༡༩ཉིན།མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྒྱ་བོད་ལྷ་སྡེ་ཡོངས་ལ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་བཀའ་དབང་བཀའ་དྲིན་བསྩལ།

བྲག་མགོ༥བྲག་མགོ༩དེ་ནས་ཉིན་གསུམ་གྱི་རིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་རྒྱ་ཡི་སློབ་མ་རྣམས་ལ་ཨ་གཏད་གནང་ཞིང་སེམས་ཁྲིད་མཛད་དེ་ཚེས་༢༣ཉིན་གྱི་ཕྱི་དྲོར་མཛད་སྒོ་ཡོངས་སུ་གྱུར་པ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་མཇུག་གྲུབ་པའོ། །

རྒྱལ་རོང་དགོན་བཙུན་མའི་ཆེས་མཐོའི་ལྔ་རིག་ནང་བསྟན་སློབ་གླིང་གི་དྲུང་ཡིག་ཚན་པས། ༢༡༧/༨/༢༤ཉིན།

 

(སྤྱིའི་གཟིགས་གྲངས། 70 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།