ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་ལོ་འགོའི་སྒྲུབ་པ་དང་བཀའ་དབང་སྐོར།


འཆར་ཅན་བཞིན་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རེའི་སློབ་ཚན་གསར་པ་དབུ་འཛུགས་ཀྱི་ཐོག་མར་སློབ་སྦྱོང་ལ་བར་ཆད་མི་འབྱུང་བ་དང་། ཤེས་རབ་གོང་འཕེལ་ཡོང་བ་སོགས་དམིགས་ནས་རང་རང་གི་སྦྱོང་ཚན་དང་འབྲེལ་བའི། བཤད་གྲྭ་བ་དང་གཞི་རིམ་སློབ་མ་རྣམས་ཀྱིས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་པ་དང་། སྒྲུབ་གྲྭ་བ་རྣམས་བླ་ཆེན་དྲན་པའི་སྒྲུབ་པ། གསོ་རིག་འབུམ་བཞིའི་དགེ་སློབ་རྣམས་སངས་རྒྱས་སྨན་ལྷའི་སྒྲུབ་པ་ཆེན་མོ་ལོ་བཞིན་གཏན་འཇག་འཚོགས་སྲོལ་ཡོད་པ་ལྟར། འདི་ལོ་ཡང་ ༢༠༡༩། ༣ ༡༧  ནས་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང་། ཕྱི་ཟླ ༤ པའི་ཚེས་ ༣ ནས་བཅའ་བཟོའི་ལས་རིམ་གྲུབ་པར་བྱས། ཚེས་ ༤ ནས་བཟུང་༸སྐྱབས་རྗེ་སློབ་དཔོན་རིན་པོ་ཆེ་དང་། བཤད་སྒྲུབ་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱི་ཐོག་བཤད་གྲྭ་བ་རྣམས་ཀྱིས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་པ་དང་། ༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་གྲྭ་བ་རྣམས་བླ་ཆེན་དྲན་པའི་སྒྲུབ་པ་འཚོགས། གསོ་རིག་འབུམ་བཞིའི་དགེ་སློབ་རྣམ་པས་སངས་རྒྱས་སྨན་ལྷའི་སྒྲུབ་པ་འཚོགས། གཞི་རིམ་སློབ་གྲྭའི་དགེ་སློབ་རྣམ་པས་སྨྲ་སེང་སྒྲུབ་ཆུང་བཅས་འཚོགས་ནས་ཉིན་བདུན་པའི་དགོང་མོ་གབ་སྦས་གསང་བའི་ཤམ་བུ་དང་། ཕྱྭ་སྲས་ཀེང་ཙེ་སྦྲགས་ནས་མཚན་ཕུད་ཀྱི་སྒྲུབ་པ་མཛད། ཕྱི་ཟླ་ ༤ ཚེས་ ༥ ཉིན་འདུས་ཚོགས་དང་། དད་ལྡན་ལྷ་སྡེ་མི་མང་རྣམས་ལ་༸སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཤེས་རབ་སྨྲ་སེང་གི་བཀའ་དབང་ཟབ་མོ་སྨིན་སྩོལ་མཛད་དེ། ལོ་འགོའི་སྒྲུབ་པ་ཆེན་མོ་དེ་ཉིད་དགེ་བའི་ངང་མཇུག་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༤ ༥ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,824 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཧི་མ་ལ་ཡ་ཞ…
error: རྩོམ་འདི་བདག་དབང་ཅན་ཡིན།