ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་རྒྱས་འབུལ་ཉིན་གཉིས་པའི་གནས་བསྡུས།

གནས་ཚུལ་འབྲི་བ་པོ། ཁྱུང་ཐོག་རྒོད།

༄༅། །༢༠༡༦།༤།༢༡། ཉིན་སྔ་དྲོའི་ཕྱག་ཚོད་༨།༣༠ཐོག་གསང་གསུམ་བོན་ཀྱི་མཛོད་འཛིན་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་བླ་བྲང་ནས་སྤོས་གླིང་དང་ཁྱེའུ་གཙང་མ་དག་གི་མེ་ཏོག་གིས་སྣ་དྲངས་ཤིང་བསུ་བ་ཞུས་ཏེ་བརྟན་བཞུགས་ཀྱི་ཚོགས་གུར་ཆེན་མོར་མི་འཇིག་གདོང་ལྔའི་ཁྲི་རུ་བཞུགས་སུ་གསོལ། འདུས་མང་ཡོངས་ཀྱིས་ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་ཚེ་སྒྲུབ་ཀྱི་གཞུང་བསྲང་བ་དང་། ༧སྐྱབས་རྗེའི་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེས་མནྜལ་གྱི་བཤད་པ་ཕུལ་ཞིང་༧གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་དང་། བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ་རྣམ་པ་གསུམ་གྱིས་མནྜལ་འདེགས་འབུལ་ཞུས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་འགན་འཛིན་རྣམས་དང་མི་མང་བྱིངས་ཀྱིས་རྗེ་བླ་མའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་ན་བཟའ་གོས་དྲུག་དང་། བཀྲ་ཤིས་རྟགས་བརྒྱད། ནོར་བདུན། སྐུ་རྟེན་སྐུ་གཟུགས། གསུང་རྟེན་གླེགས་བམ། ཐུགས་རྟེན་མཆོད་རྟེན་སོགས་བརྟན་བཞུགས་ཀྱི་འབུལ་ཚན་རྣམས་རྒྱས་འབུལ་ཞུས།ཕྱག་ཚོད་༡༠།ཐོག་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་པ་དང་བསྟུན། སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད། རིན་པོ་ཆེ་མཆོག་གིས་”ད་ཕ་གིན་སྨན་རི་དགོན་དང་འདི་གཉིས་ལ་དགེ་འདུན་པ་མང་པོ་ཡོད་རེད། དེ་ཚོ་མ་འོངས་པ་བསྟན་པའི་བདག་པོ་ཡིན་པའི་རྩིས་རེེད། རེད་ཡང་རེད། ཡིད་ཆེས་ཡོད། ཚང་མས་འགན་ཡག་པོ་ཁུར་གྱི་འདུག འདིར་ལ་ཡང་མཁན་པོ་དང་དཔོན་སློབ་བསྐོས་བཤད་གྲྭ་དང་སྒྲུབ་གྲྭ་བཙུགས་བཞག་ཡོད། ད་སེམས་ཁྲལ་གང་ཡང་མེད། ” ཅེས་སོགས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བཀའ་དྲིན་བསྩལ་བ་དང། ད་དུང་རིན་པོ་མཆོག་གིས”དེ་རིང་འདིར་ཕེབས་བསྡད་པ་ཚང་མས་སེམས་ལྷོད་ལྷོད་གྱིས་མཉམ་པར་ཞོག ཡང་ཕལ་ཆེར་མཉམ་པར་ཞོག་ཟེར་དུས་ཧ་གོ་གི་མེད་འགྲོ ཡར་མར་མང་པོ་མི་བསམ་ནས་སེམས་པ་གུ་ཡངས་ཐོངས། “6.picཞེས་དང་། “ད་དི་རིང་ཁྱེད་ཚོས་བརྟན་བཞུགས་ཕུལ་བཞག་པ་དེ་ཚོ་ཆུས་ཟོས་མ་སོང་བའི་ཆེད་དུ། མདོ་ཡན་ལག་བརྒྱད་པ་འདོན་ནས་བསྔོ་བ་དང་སྨོན་ལམ་བྱེད་ཀྱི་ཡིན།” ཅེས་སོགས་གསུངས་ནས་བླ་མ་ཁྱིམ་གསར་གྱིས་ཕྱི་རྒྱལ་དད་ལྡན་བོན་ཞུ་བའི་ཆེད་དུ་དབྱིན་སྐད་དུ་བསྒྱུར་གནང་མཐར་མདོ་ཡན་ལག་བརྒྱད་པ་དང་བསྔོ་བ་བདེ་ལེགས་ཀུན་འབྱུང་སོགས་ཀྱིས་རྒྱས་གདབ་མཛད་པ་དང་སྐྱ་སེར་ཡོངས་ཀྱིས་རྗེ་བླ་མའི་གསོལ་འདེབས་གྱེར་བཞིན་གདུང་ཤུགས་དང་མོས་གུས་ཆེན་པོས་མཇལ་ཁ་ཞུས་ཏེ་ཉིན་གུང་གི་གསོལ་ཚིགས་བཞེས། ཕྱག་ཚོད༢།༣༠ཐོག་འདུས་མང་དང་དད་ལྡན་ལྷ་སྡེ་མི་མང་ཡོངས་རྫོགས་ཚོགས་གུར་དུ་འཛོམས་ཏེ། ༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ཀྱི་སྐུ་ཕྱྭའི་ཞབས་རིམ་གྱི་ཆེད་དུ་ཀུན་གསལ་བྱམས་མ་ཆེན་མོའི་སྔགས་བསྟོད་དང། སྟག་ལའི་བཅུད་དྲིལ་གསོག་སྒྲུབ་མཛད་པ་དང་། བརྟན་བཞུགས་གོ་སྒྲིག་ཚོགས་པས་ཡོངས་འཛིན་རིན་པོ་ཆེ་མཇལ་བཅར་ཞུས་ཏེ་བཀའ་སློབ་ལམ་སྟོན་གནང་བ་བཅས་ཉིན་འདིའི་མཛད་སྒོ་མཇུག་གྲུབ་པ་ཡིན།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེར་བརྟན་བཞུགས་ཉིན་གཉིས་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས།༢༠༡༦། ༤།༢༡ཉིན་སྤེལ།

10.pic

8.pic

6.pic

16.pic19.picདྲ་ཐོག་བསྡུ་སྒྲིག་གནང་མཁན་སྲིད་པའི་མིག

(སྤྱིའི་གཟིགས་གྲངས། 79 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བླ་མའི་གསོ…
error: རྩོམ་འདི་བདག་དབང་ཅན་ཡིན།