ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐབས་བཅུ་གཉིས་པའི་དགེ་བཤེས་མཛད་སྒོའི་དངོས་གཞིའི་དམ་བཅའ་ཆེན་མོ།

སྔོན་འགྲོའི་བཤད་པ་ཚར་རྗེས་ཉིན་གྲངས་བཞིའི་རིང་བཀའ་རམས་པ་རྣམས་པ་བཞི་རེ་དངོས་གཞིའི་དམ་བཅའ་ཆེན་མོ་བཞུགས་གནང་རྒྱུའི་མཛད་རིམ་ལྟར།

ཕྱི་ལོ་༢༠༢༣ལོའི་ཟླ་བ་༣པའི་ཚེས་༤ཉིན་བཀའ་རམས་པ་གཡོ་ཤོད་དྲང་སྲོང་བདེ་ལེགས་ཚུལ་ཁྲིམས་རྒྱ་མཚོ། བཀའ་རམས་པ་བྲུ་དྲང་སྲོང་ཡེ་ཤེས་རབ་གསལ་རྣམ་དག བཀའ་རམས་པ་དབུར་ཁྱུང་དྲང་སྲོང་ཡེ་ཤེས་བདུད་རྩི་རྒྱ་མཚོ། བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་འཇིགས་མེད་རྣམ་དག་རྣམ་པ་བཞི་དང་།

ཕྱི་ཚེས་༥ཉིན་བཀའ་རམས་པ་འབེ་ཚ་དྲང་སྲོང་བསྟན་འཛིན་ལྷུན་འགྲུབ། བཀའ་རམས་པ་ཨ་ཤག་དྲང་སྲོང་ཁྲི་གཙུག་བསྟན་འཛིན་རྣམ་དག བཀའ་རམས་པ་བྲུ་དྲང་སྲོང་གཡུང་དྲུང་གཙུག་ཕུད་རྒྱལ་མཚན། བཀའ་རམས་པ་བྲུ་དྲང་སྲོང་ཚུལ་ཁྲིམས་རྣམ་གྲོལ་རྒྱལ་མཚན་བཅས་རྣམ་པ་བཞི་དང་།

ཕྱི་ཚེས་༦ཉིན་བཀའ་རམས་པ་བབས་གཟི་དྲང་སྲོང་བློ་གྲོས་བསྟན་པ་རྣམ་དག བཀའ་རམས་པ་གེབ་ཆེན་དྲང་སྲོང་ཚུལ་ཁྲིམས་ཡེ་ཤེས་རྒྱ་མཚོ། བཀའ་རམས་པ་གླིང་ཚང་དྲང་སྲོང་ཡེ་ཤེས་ཐབས་མཁས་རབ་གསལ། བཀའ་རམས་པ་རྒྱུན་འཕྲུག་དྲང་སྲོང་ཡོན་ཏན་རྒྱ་མཚོ་རྣམ་པ་བཞི་དང་།

ཕྱི་ཚེས་༧ཉིན་བཀའ་རམས་པ་འགོ་བ་དྲང་སྲོང་སྙིང་རྗེ་འཕྲིན་ལས་མཐར་ཕྱིན། བཀའ་རམས་པ་ཧོར་ཚང་དྲང་སྲོང་ཚོགས་གཉིས་དགེ་ལེགས་རྒྱ་མཚོ། བཀའ་རམས་པ་མེ་ཉག་དྲང་སྲོང་ཚུལ་ཁྲིམས་ཡོན་ཏན་དཔལ་བཟང་། བཀའ་རམས་པ་ཀ་ཤུལ་དྲང་སྲོང་མཁྱེན་རབ་རྣམ་དག་རྒྱ་མཚོ་རྣམ་པ་བཞི་བཅས་ཉིན་བཞིན་སྔ་དྲོ་ཕྱག་ཚོད་༩པའི་ཐོག། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས། མང་འདུས་སེམས་དཔའ་རྒྱ་མཚོ་བཅས་ཀྱི་དབུས་སུ་དམ་བཅའི་ཚིག་བཤད་ངག་རྒྱུགས་ཕུལ་བ་དང་ཉུང་ཇ་གཏོང་།

ཉིན་གུང་ཕྱག་ཚོད་༡༢ཐོག་གཏོང་སྒོ་ཆེན་མོ་དང་ཉིན་རྒྱབ་ཕྱག་ཚོད་༡/༣༠ནས་ཕྱི་དྲོའི་ཕྱག་ཚོད་༥པའི་བར་སྐྱབས་རྗེ་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་མང་འདུས་སེམས་དཔའ་རྒྱ་མཚོའི་དབུས་སུ་དངོས་གཞི་དམ་བཅའ་ཆེན་མོ་བཞུགས་ཏེ་དགེ་བའི་བཤེས་གཉེན་རྣམ་པ་དང་འཛིན་གྲྭ་གོང་མ་རྣམ་ནས་རིམ་པར་རྫོགས་ཆེན་དང་གསང་སྔགས་མདོ་སྡེ་བཅས་ཀྱི་གཞུང་ཆེན་ཁག་ནས་བརྒལ་རྟགས་རིགས་པའི་རྩོད་གླེང་གནང་སྟེ་སྐབས་བཅུ་གཉིས་པའི་དངོས་གཞིའི་དམ་བཅའ་ཆེན་མོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༣ ༣ ༧ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 318 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
        དེ…
error: རྩོམ་འདི་བདག་དབང་ཅན་ཡིན།