ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་གི་ལོ་འཁོར་ཚོགས་འདུ།

2017 ཁྲི་བརྟན།༡༢༠༡༧ཁྲི་བརྟན།༢༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ལོ་འཁོར་གྱི་ཚོགས་འདུ་ནི་ལོ་གཅིག་རིང་གྲྭ་ཚང་གི་ཕྱག་ལས་གནང་མཁན་དུང་པ་དང་ཇ་འདྲེན། མཆོད་དཔོན། ཞབས་བརྟན་དབུ་མཛད། དཀོར་གཉེར། མར་མེ་བླུག་མཁན་བཅས་འཕོ་ལེན་བྱེད་པའི་དུས་ཚོད་རེད། ཚོགས་འདུ་དེ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་ལོ་གསུམ་རེའི་ནང་འཕོ་ལེན་བྱེད་པའི་ལམ་དང་ལུགས་སྲོལ་ཡོད་པ་བཞིན། བཙའ་སྐྱོང་ལྷན་ཚོགས་སྐབས་བདུན་པའི་ལས་བྱེད་ཀྱི་ཕྱག་ལས་དུས་ཡུན་གྲུབ་ནས་སྐབས་བརྒྱད་པའི་ལས་བྱེད་གསར་བསྐོས་བྱེད་པའི་ཚོགས་འདུ་དེ་ཆགས་ཡོད།  2017ཁྲི་བརྟན།༥2017ཁྲི་བརྟན།༦འདི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༡༨ ཉིན་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ཚོགས་འདུ་འཚོགས་ཏེ། ཞོགས་ཀ་ཕྱག་ཚོད་ ༠༧།༣༠ ཐོག་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་དང་། དཔོན་སློབ་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ། བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་དང་གྲྭ་མང་བཅས་མཉམ་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་ཞུས། ཐོག་མར་མགྲོན་གཉེར་དགེ་བཤེས་ཁྲི་ལྡེ་གཙུག་བརྟན་ནས་མཛད་རིམ་ངོ་སྤྲོད་གནང་ཞིང་སྤྱི་གཉེར་དགེ་བཤེས་ཤེས་རབ་ཕུན་ཚོགས་ནས་ལོ་གཅིག་རིང་གི་དུང་པ་དང་། ཇ་འདྲེན། མཆོད་དཔོན། དཀོར་གཉེར། ཞབས་བརྟན་དབུ་མཛད། མཆོད་མེ་བཟོ་མཁན་བཅས་མཚན་རིམ་གསལ་བསྒྲགས་གནང་། དེ་རྗེས་སྤྱི་ཁྱབ་འགན་འཛིན་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ནས་ལོ་གསུམ་གྱི་འགྲོ་གྲོན་གཏོང་ཡོང་གཉིས་ཀྱི་རྩིས་ཁྲ་སྒྲོག་སྦྱོང་དང་གསུང་བཤད་གནང་། 2017ཁྲི་བརྟན།༧2017ཁྲི་བརྟན།༤དེ་ནས་ལས་བྱེད་གསར་རྙིང་འཕོ་ལེན་བྱས་ཏེ་༧སྐྱབས་རྗེ་མཁན་རིན་པོ་ཆེ་ནས་སྐབས་བདུན་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་གསོལ་གྱི་མགུལ་དར་སྒྲོན་པ་དང་། སྐབས་བརྒྱད་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་གསར་པ་སྤྱི་གཉེར་དགེ་བཤེས་ཤེས་རབ་རིན་ཆེན། འཚོགས་ཆེན་དགེ་བསྐོས་ཚུལ་ཁྲིམས་རྒྱ་མཚོ། འཚོགས་ཆེན་དབུ་མཛད་སྙིང་རྗེ་མཐར་ཕྱིན། མགྲོན་གཉེར་ཤེས་རབ་ཉི་མ། དྲུང་ཡིག་དགེ་བཤེས་ཤེས་རབ་གོང་འཕེལ། འཕྲོད་བསྟེན་འགན་འཛིན་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་བཅས་ལས་བྱེད་གསར་དུ་ཕེབས་པ་ལ་དགའ་བསུ་དང་བཅས་མགུལ་དར་གནང་། དེ་ནས་སྐྱབས་རྗེ་མཁན་རིན་པོ་ཆེ་དང་། དཔོན་སློབ་རིན་པོ་ཆེ། སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་བཅས་ནས་ལེགས་ཉེས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་། དེ་རྗེས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་འགན་འཛིན་འདུལ་བའི་བླ་མ་དགེ་བཤེས་བསམ་གཏན་གཙུག་ཕུད་ནས་དཔེ་མཛོད་ཀྱིས་དེ་སྔོན་ཕྱག་ལས་གནང་ཕྱོགས་དང་མ་འོངས་པའི་ལས་དོན་སྐོར་ནས་གསུང་བཤད་གནང་། དེ་ནས་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་དབུ་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་དང་། སྐབས་བདུན་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་གསར་རྙིང་རྣམ་པས་ལེགས་ཉེས་བླང་དོར་དང་། དགེ་འདོན་སྐྱོན་སེལ་གྱི་གསུང་བཤད་རིམ་པ་བཞིན་དུ་གནང་། དེ་རྗེས་སྤྱི་གཉེར་མཆོག་ནས་ཚོགས་འདུའི་མཇུག་སྡོམ་གསུང་བཤད་གནང་གྲུབ་པ་དང་བསྟུན་མཁན་སློབ་རྣམ་པ་དང་། ལས་བྱེད་གསར་རྙིང་ལྷན་འཛོམས་ཀྱི་དྲན་རྟེན་པར་བླངས་པ་དང་སྦྲགས་ཚོགས་འདུ་གྲོལ་བའི་གནས་ཚུལ་སྙིང་བསྡུས་སུ་ཁྱུང་ཁྲི་ལྡེས་ ༢༠༡༧ ཟླ་ ༠༣ ཚེས་ ༡༨ ཉིན་སྤེལ།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 43 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཤེས་བྱ་ཀུན…
error: རྩོམ་འདི་བདག་དབང་ཅན་ཡིན།