ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་ལོ་ཕྱེད་རྒྱུགས་སྤྲོད།

སློབ་གྲྭ་ཁག་ཏུ་སློབ་སྦྱོང་ཡར་རྒྱས་བསྐུལ་འདེད་ཀྱི་ཆེད་དུ་རྒྱུགས་སྤྲོད་བྱེད་སྲོལ་ཡོད་པ་བཞིན་འདི་གའི་སློབ་གླིང་ལའང་ལོ་རེ་བཞིན་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་རེད།

དེའང་གསོ་རིག་སྐོར་བྲིས་རྒྱུགས་དང་ངག་རྒྱུགས། དེ་བཞིན་དུ་བརྡ་དག སྙན་ངག རྩིས་རིག རྒྱུན་ཤེས། རྒྱལ་རབས། བལ་སྐད་དང་དབྱིན་སྐད་བཅས་ཡིན་པ་རེད།

དམིགས་བསལ་དུ་འདི་ལོར་རྒྱལ་རབས་དགེ་རྒན་ཚུལ་ཁྲིམས་རབ་བརྟན་<དྲ་མིང་དུ་ཞང་ཚུལ་མི།>ལགས་ཀྱིས་ཡོངས་གྲགས་མིན་པའི་ཆེས་གནའ་བོའི་དུས་ཀྱི་སྨན་པ་མང་པོ་ཞིག་རྩལ་འདོན་བྱས་ཏེ་ངོ་སྤྲོད་བྱས་ཡོད་པ་སྟེ་དཔེར་ན་སྲིད་པ་ཡེ་སྨོན་རྒྱལ་པོའི་མཆོད་གནས་ཀྱི་སྨན་པ་སྨོན་བོན་ཡེ་སངས། སྲིད་པ་རྒན་རྒོན་གྱི་མཆོད་གནས་ཀྱི་སྨན་པ་ཕྱྭ་བོན་སྒམ་པོ། རྒྱལ་བུ་མཐིང་གེའི་མཆོད་གནས་ཀྱི་སྨན་པ་ལྡིས་པ་གྲ་རྣི། མིའུ་གདུང་དྲུག་གི་མཆོད་གནས་ཀྱི་སྨན་པ་དམུ་བོན་ཡེ་སྟོན། དེ་བཞིན་སྨན་པ་མུས་དཔལ་ཕྲོག་རོལ་དང། སྒམ་ལྷ་བོ་ལྷ་སྲས། གཙང་གཤེན་སྙལ་(སྙན་)ངག དམུ་ཙ་ཏྲ་ཧེ། གསེར་ཐོག་ལྕེ་འབྱམས། རྒྱ་ནག་ལེགས་ཏང་རྨང་པོ། སྤུ་རྒྱལ་ཨེ་ཤོ་ལེགས་ཀྱི་བློན་ཆེན་ཁུ་འཛི་ལྷ་བུ་མགོ་དཀར་སོགས་གསོ་རིག་དང་འབྲེལ་བའི་སྨན་པའི་མི་སྣ་དུ་མའི་ངོ་སྤྲོད་(བོད་གནའ་བོའི་གསོ་དཔྱད་མི་སྣ་ཁག་ཅིག་ངོ་སྤྲོད)ཅེས་པ་ཁོང་གིས་བྲིས་པའི་དཔྱད་རྩོམ་དེ་ཉིད་ལུང་རིག་ཟུང་གིས་སྒོ་ནས་འཆད་ཁྲིད་བྱས་ཡོད་པས་དེའི་སྐོར་ནས་རྒྱལ་རབས་ཡིག་ཚད་བཏངས།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༠༧ ཚེས ༠༥། ༠༧། ༠༨། ༠༩། ༡༠ བར་ཉིན་གྲངས་ལྔའི་རིང་ལ་གོང་གི་སློབ་ཚན་རྣམས་རྒྱུགས་སྤྲོད་ཕུལ་བའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༠༧ ཚེས་ ༡༡ ཉིན་སྤེལ།

(སྤྱིའི་གཟིགས་གྲངས། 54 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བདག་ཅག་གི་…
error: རྩོམ་འདི་བདག་དབང་ཅན་ཡིན།