ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་སྐབས་བརྒྱད་པ་དང་དགུ་པའི་རྒྱུན་ལས་གསར་རྙིང་བརྗེ་ལེན་གནང་བ།

སྐབས་ ༨ པའི་བཙའ་སྐྱོང་ལྷན་ཚོགས།

སྐབས་ ༩ པའི་བཙའ་སྐྱོང་ལྷན་ཚོགས།

གསང་གསུམ་བོན་གྱི་མཛོད་འཛིན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་འོག ཕྱི་ལོ་ ༡༩༩༦ ལོར་དགོན་པའི་ཕྱི་ནང་གི་འཛིན་སྐྱོང་ལས་རིམ་ཚགས་ཚུད་ཡོང་ཆེད་དབུ་འཛུགས་གནང་བའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ལས་ཡུན་ལོ་གསུམ་རྫོགས་རྗེས་འཕོ་ལེན་བྱེད་སྲོལ་ཡོད་པ་བཞིན། འདི་ལོ་ ༢༠༢༠ ༣ ༩ བོད་ལྕགས་བྱི་ལོའི་ཟླ་བ་ ༡ པོའི་ཚེས་ ༡༥ ཉིན་གྲྭ་ཚང་གི་ལོ་རེའི་ལས་སྣེ་བརྗེ་ལེན་དང་སྟབས་བསྟུན། སྔ་དྲོའི་ཕྱག་ཚོད་ ༨ ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་འདུས་མང་ལྷན་འཛོམས་གནང་ནས། སྐབས་བརྒྱད་པ་དང་དགུ་པའི་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་གསར་རྙིང་བརྗེ་ལེན་གནང་སྟེ། ཚོགས་འདུའི་ལས་རིམ་ངོ་སྤྲོད་དང་འབྲེལ། གདན་ས་ཁྲི་བརྟན་ནོར་བུ་རྩེའི་བླ་བྲང་ནས་བཙའ་སྐྱོང་ལྷན་ཚོགས་ཀྱི་ལས་བྱེད་གསར་རྙིང་རྣམས་བརྗེ་ལེན་གྱི་ཆེད་ལེགས་གསོལ་ཁ་བཏགས་གནང་བ་དང་།  དགེ་རྩ་ཚོགས་པའི་དྲུང་ཆེ་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་ལགས་ནས་ལོ་གསུམ་རིང་གི་གཏོང་ཡོང་རྩིས་ཁྲ་གསལ་བསྒྲགས་གནང་། བཙའ་སྐྱོང་ལྷན་ཚོགས་སྐབས་ པའི་ལས་བྱེད་ཀྱི་སྤྱི་གཉེར་དགེ་བཤེས་ཤེས་རབ་རིན་ཆེན་ལགས་དང་། ཚོགས་ཆེན་དགེ་སྐོས་ཆེད་སྦྱོང་སློབ་ཐོན་པ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ལགས། ཚོགས་ཆེན་དབུ་མཛད་སྙིང་རྗེ་མཐར་ཕྱིན་ལགས། དྲུང་ཆེ་དགེ་བཤེས་ཤེས་རབ་གོང་འཕེལ་ལགས། མགྲོན་གཉེར་དགེ་བཤེས་ཤེས་རབ་ཉི་མ་ལགས། འཕྲོད་བསྟེན་འགན་འཛིན་རྨ་རོང་ཚུལ་ཁྲིམས་རྒྱ་མཚོ་ལགས་བཅས་ལོ་གསུམ་གྱི་ལས་ཡུན་གྲུབ་པའི་མཇུག་བསྡོམས་གནང་བ་དང་། འདི་ལོར་གསར་དུ་འོས་འདེམས་བྱུང་བའི་སྐབས་   པའི་བཙའ་སྐྱོང་ལྷན་ཚོགས་སྤྱི་གཉེར་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས་ལགས་དང་། དགེ་སྐོས་དགེ་བཤེས་ཤེས་རབ་མཆོག་རྒྱལ་ལགས། ཚོགས་ཆེན་དབུ་མཛད་དགེ་བཤེས་བློ་གྲོས་ཕུན་ཚོགས་ལགས། དྲུང་ཆེ་དགེ་བཤེས་ཚུལ་ཁྲིམས་རྒྱལ་མཚན་ལགས། མགྲོན་གཉེར་བཀའ་རམས་པ་ཀུན་སྐྱོང་རྒྱལ་པོ་ལགས། འཕྲོད་བསྟེན་འགན་འཛིན་དགེ་བཤེས་ཤེས་རབ་མཐར་ཕྱིན་ལགས་བཅས་ཀྱིས་སྐབས་བབ་ལས་དོན་དང་འབྲེལ་བའི་གསུང་བཤད་རིམ་པས་གནང་རྗེས། བོན་སྤྱི་ཟུར་པ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་དང་། སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དང་། སྐྱབས་རྗེ་མཁན་རིན་པོ་ཆེ་རྣམ་པས་བཀའ་སློབ་བཀའ་དྲིན་ཆེ་བ་བསྩལ་ནས་དྲན་རྟེན་མཉམ་པར་བསྒྲོན་ཏེ་ཐེངས་འདིའི་ཚོགས་འདུའི་ལས་རིམ་ཡོངས་སུ་མཇུག་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ༡ ༩ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

107410cookie-checkགདན་ས་ཁྲི་བརྟན་ནོར་བུ་རྩེའི་བཙའ་སྐྱོང་ལྷན་ཚོགས་སྐབས་བརྒྱད་པ་དང་དགུ་པའི་རྒྱུན་ལས་གསར་རྙིང་བརྗེ་ལེན་གནང་བ།
(སྤྱིའི་གཟིགས་གྲངས། 617 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
འཕན་འོ་མཚོ…
error: རྩོམ་འདི་བདག་དབང་ཅན་ཡིན།