ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་འགུལ་སྤེལ་བ།

དེང་སྐབས་ཆེས་འཇིགས་སྣང་ཆེ་བའི་ཏོག་དབྱིབས་ནད་དུག་གི་འཚེ་བས་འགྲོ་བ་མིའི་ལུས་སེམས་གཉིས་ཆར་དཀའ་ངལ་བཟོ་བཞིན་པ་དང་། ནད་འདིའི་རྐྱེན་གྱིས་ཚེ་སྲོག་ཤོར་བའང་ཉུང་ཉུང་མིན་སྟབས་ཕྱོགས་སོ་སོ་ནས་སྔོན་འགོག་གི་ལས་གཞི་གཉེར་མུས་ལྟར་བལ་ཡུལ་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་དང་། ས་གནས་གཞུང་གིས་སྤྱི་སྒེར་སུ་ཡིན་ན་ཚང་མས་བདེ་ཐང་ལ་གཞིགས་ནས་ན་ཚ་སྔོན་འགོག་ཆེད་དུ་མི་མང་འདུ་འཛོམས་དགག་དགོས་པ་དང། ཁོར་ཡུག་གཙང་སེལ་སོགས་སྔོན་འགོག་གི་ལས་གཞི་ཚགས་ཚུད་དགོས་པའི་བཀའ་ཁྱབ་སྤེལ་དོན་བཞིན། ཕྱི་ཟླ་༣ ཕྱི་ཚེས་༢༢ཉིན་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེ་རུ་བཙའ་སྐྱོང་ལྷན་ཚོགས་དང་བཤད་སྒྲུབ་འདུས་སྡེའི་འཕྲོད་བསྟེན་འགན་འཛིན་རྣམ་གཉིས་ཀྱི་དབུ་ཁྲིད་དེ་དགོན་པ་དང་སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭ། དགོན་པའི་ཟ་ཁང་། མགྲོན་ཁང་། གཞི་རིམ་སློབ་གྲྭ་སོགས་ཀྱི་ཁོར་ཡུག་གི་རྡོ་སྐྲས་དང་ལག་འཇུ་ལྕགས་སྒོ་སོགས་ལ་དུག་སེལ་གཙང་སྦྲ་གནང་བ་དང་། བཤད་གྲྭའི་སྨྲ་སེང་སྒྲུབ་པ་དང་སྒྲུབ་གྲྭའི་དྲན་པའི་སྒྲུབ་པ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྨན་ལྷའི་སྒྲུབ་པ་དང་འདིར་ལོར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་སོང་ཙང་ནད་རིམས་མྱུར་ཞིའི་ཆེད་དུ་སྲིད་རྒྱལ་དྲག་སྔགས་ཀྱི་སྒྲུབ་པ་སོགས་ཀྱི་སྐབས་སུ་དམིགས་བསལ་ཁྲུས་ཆུ་སྔགས་ཏེ་གྲྭ་མང་དང་སྔོན་འགྲོ་སློབ་གྲྭ་འབུམ་བཞི་སློབ་གྲྭའི་སློབ་ཕྲུག་བཅས་ལ་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་ཁྲུས་གསོལ་མཛད་པ་དང་། སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭ་ནས་ནད་འགོག་རྒྱུན་ཤེས་དང་ལག་པ་གཙང་སེལ་བྱེད་སྟངས་ཀྱི་ལམ་སྟོན་སྦྱར་ཤོག་ཉེ་འཁོར་གྱི་ཁོར་ཡུག་གང་སར་འགྲེམ་སྤེལ་གནང་བ་སོགས་མདོར་ན་ཚན་རིག་དང་ནང་ཆོས་གཉིས་ཀྱི་ཐད་ནས་སྔོན་འགོག་གི་ལས་གཞི་ཇི་དགེ་གཉེར་མུས་དང་། ཕྱི་ཚེས་༢༢ནས་བཟུང་དགོན་པའི་ནང་དུ་མཆོད་མཇལ་སོགས་ཕྱི་ནང་གི་འགྲོ་འོང་གནས་སྐབས་མཚམས་འཇོག་དང་དགེ་འདུན་བྱིངས་རྣམས་གནས་སྐབས་ཕྱི་ལོག་ཏུ་ཕེབས་མཚམས་བཞག་སྟེ་དགོན་པར་གཏན་འཇག་བཞུགས་རྒྱུ་དང་། གཞན་དགོན་པའི་ལས་དོན་གལ་ཆེན་གྱི་ཆེད་དུ་ཕྱི་ལོགས་ཕེབས་དགོས་བྱུང་རིགས་རྣམས་ཀྱི་སྔོན་འགོག་ཀྱི་ཉེར་སྤྱོད་ཚགས་ཚུད་དང་། རྒྱལ་སྒོའི་འགྲམ་དུ་ལག་པ་འཁྲུ་བྱེད་ཆུ་དང་འདག་རྫས་དུག་སེལ་སྨན་ཆུ། ཚ་བའི་གྲངས་ཚད་རྟགས་དཔྱད་ཀྱི་ཡོ་ཆས་འཕྲོད་བསྟེན་སྨན་ཞབས་སོགས་ཀྱི་གྲ་སྒྲིག་གནང་བ་དང་། དེ་རིང་ཕྱི་ཚེས་༢༨ཉིན་དགོན་པའི་འཕྲོད་བསྟེན་འགན་འཛིན་རྣམ་གཉིས་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་སྤྱི་བཅས་ཀྱི་སྣེ་ཁྲིད་འོག་གྲྭ་མང་རྣམས་དང་སྔར་སྲོལ་གསོ་རིག་འབུམ་བཞིའི་དགེ་སློབ་བཅས་མཉམ་རུབ་ཀྱིས་དགོན་པ་དང་འབུམ་བཞི་སློབ་གྲྭ་གཞི་རིམ་སློབ་གྲྭ་སོགས་ཉེ་སྐོར་ཁོར་ཡུག་ཀུན་གཙང་སྦྲ་དང་དུག་སེལ་སྨན་ཆུ་གཏོར་ཞིང་སྔོན་འགོག་ཀྱི་ལས་གཞི་གཉེར་མུས་བཅས་ཀྱི་གནས་བསྡུས་སུ། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་༢༠༢༠ ༣ ༨ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད། 

(སྤྱིའི་གཟིགས་གྲངས། 591 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཁྲི་…
error: རྩོམ་འདི་བདག་དབང་ཅན་ཡིན།