ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་རང་དགོན་དུ་ཞབས་སོར་འཁོད་པ།

གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་ནི་བསྟན་འགྲོའི་དོན་དུ་ནུབ་ཕྱོགས་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་ཧྥ་རན་སི། པོ་ལན་ཌི། ཧོ་ལན་ཌི་བཅས་ཀྱི་དད་ལྡན་ཚོས་གདན་འདྲེན་ཞུས་པ་བཞིན་ཕེབས་བཞུད་གནང་ནས་དད་ལྡན་སློབ་མ་ཚོ་ལ་གང་དགོས་ཁྲིད་གདམས་བཀའ་དྲིན་བསྐྱངས་མཐར་ ༡༧ ཟླ ༠༧ ཚེས་ ༢༡ ཉིན་རང་དགོན་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད།

IMG_7790IMG_7794ཐོག་མར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་སྤྱི་ཁྱབ་འགན་འཛིན་གྲྭ་ཚང་བླ་མ་དགེ་བཤེས་བློ་གྲོས་མཆོག་ལེགས་གཙོས་དགོན་གྱི་ལས་སྣེ་བ་འགའ་ཞིག་གིས་བལ་ཡུལ་གནམ་ཐང་ནས་ཕེབས་བསུ་ཞུས།

IMG_7809 20272975_259046441257372_1167554057_oའདུས་མང་ནས་དགོན་གྱི་རྒྱལ་སྒོ་ཕྱི་རུ་སེར་ཕྲེང་བསྒྲིགས་ཏེ་དར་གདུགས་རྒྱལ་མཚན་དང་ཕྱེ་མ་འཕུར་མ་སོགས་མཛེས་པའི་རྒྱན་དང་། རྔ་གཤང་དུང་གླིང་བཅས་སྙན་པའི་སྒྲ་དང་། ལྷ་བསང་བདུག་སྤོས་བཅས་ཞིམ་པའི་དྲི་དང་། དགའ་དད་གུས་པ་སོགས་དྭངས་བའི་མཆོད་སྤྲིན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་གཤེན་རབ་མཆོད་རྔ་བརྡུངས།

IMG_7815 IMG_7823དེ་ནས་འཚོགས་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་ཏེ་སྐྱ་སེར་ཚང་མས་མཇལ་ཁ་ཞུས་ཏེ་རང་ཤག་ཏུ་ཕེབས་པ་བཅས་ཀྱི་གནས་ཚུལ་འདི་ཁྱུང་ཁྲི་ལྡེས་ ༢༠༡༧ ཟླ་ ༠༧ ཚེས་ ༢༡ ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 101 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  ད་ར…
error: རྩོམ་འདི་བདག་དབང་ཅན་ཡིན།