ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཏོག་དབྱིབས་ནད་དུག་གི་རྐྱེན་པས་ཁྱིམ་སྡོད་བཀག་སྡོམ་འོག་གི་འཚོ་བའི་དཀའ་ངལ་སེལ་ཕྱིར་སྤྱི་ཚོགས་སུ་ཞབས་ཞུ་སྒྲུབ་བཞིན་པ།

 

 

 

 

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ཏོག་དབྱིབས་ནད་དུག་གི་རྐྱེན་པས་ཁྱིམ་སྡོད་བཀག་སྡོམ་འོག་གི་འཚོ་བའི་དཀའ་ངལ་སེལ་ཕྱིར་སྤྱི་ཚོགས་སུ་ཞབས་ཞུ་སྒྲུབ་བཞིན་པ།

ཕྱི་ལོ་༢༠༢༠ ཟླ་ ༥ཚེས་ ༤ ཉིན། བལ་ཡུལ་འཕགས་པ་ཤིང་ཀུན་ཏུ་གནས་གཞི་ཆགས་པའི་གཡུང་དྲུང་བོན་གྱི་༧གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བསྟན་བདག་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེའི་བཀའ་དགོངས་བཞིན། འདུས་སྤྱི་ནས་ཆེས་ཛ་དྲག་ཆེ་བའི་འཛམ་གླིང་འདིར་ཏོག་དབྱིབས་ནད་རིམས་གསར་པའི་རྐྱེན་གྱིས་འཛམ་གླིང་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་དེ། ལྷག་པར་དུ་འཚོ་བའི་ཆ་རྐྱེན་ཞན་པའི་མི་མང་ལ་དཀའ་ངལ་ཧ་ཅང་ཆེ་སྟབས། འདི་གའི་དགོན་གྱི་ཉེ་འདབས་སུ་ཡོད་པའི་གྲོང་སྡེ་བརྒྱ་ཕྲག་ལྷག་ལ་ཟ་འབྲུ་རིགས་འབྲས་དང་སྣུམ་ཚ་རྡ་ལི་བཅས་དང་། ལྷག་པར་དུ་ཉིན་རེའི་ལས་ཀའི་འཚོ་ཐབས་ཙམ་ལ་བསྟེན་པའི་མི་ཆིག་སྟོང་བརྒྱ་མེད་སུམ་ཅུ་ཙམ་ལ་ཉིན་གསུམ་རིང་གི་ཞལ་ལག་མཐུན་སྦྱོར་གནང་བ་སོགས་ཀྱིས་མཚོན། སྐྱིད་སྡུག་མཉམ་ཁུར་གྱི་སྒོ་ནས་སྤྱི་ཕན་ཞབས་ཞུ་གང་ལྕོགས་སྒྲུབ་བཞིན་ཡོད་པ་དང་། མདོར་ན་ད་ལན་འབྲེལ་ཡོད་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་མཐུན་སྦྱོར་བརྒྱུད་དེ་ནད་དུག་གི་དཀའ་ངལ་མྱུར་དུ་སེལ་ཞིང་འཛམ་གླིང་ཞི་བདེའི་ཉི་མ་གསར་དུ་འཆར་བའི་རེ་སྨོན་དང་བཅས།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་ཕྱི་ལོ་༢༠༢༠ ཟླ་ ༥ཚེས་ ༤ཉིན།

པར་པ་ཁྱུང་ཐོག་རྒོད། 

 

(སྤྱིའི་གཟིགས་གྲངས། 1,800 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
          …
error: རྩོམ་འདི་བདག་དབང་ཅན་ཡིན།