ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེ་ནས་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་ཞིང་གཤེགས་དམ་པར་གདུང་མཆོད་སྨོན་ལམ་ཞུས་པ།

དམུ་རིགས་གཤེན་གྱི་གདུང་འཛིན་༧སྐྱབས་རྗེ་གཤེན་སྲས་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་གློ་བུར་དུ་ཞིང་ཁམས་བརྗེས་པའི་ཡིད་སྐྱོའི་གནས་ཚུལ་ཚབ་ཆེན་བྱུང་བ་ཐོས་འཕྲལ། ཕྱི་ལོ་ ༢༠༢༢ ༡ ༨ ཉིན་ནས་བཟུང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་འདུས་མང་རྣམས་གཙུག་ལག་ཁང་དུ་འཛོམས་ནས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར། གཙུག་ལག་ཁང་དུ་གཤེན་གྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཤམས་པའི་མདུན་དུ་བླ་མ་མཆོད་པ་དང་དགོངས་སྤྱོད་རྣམ་གསུམ། གསོལ་འདེབས་སྨོན་ལམ། ཐུན་སྒོམ་མཉམ་བཞག་བཅས་ཀྱི་སྒོ་ནས་མཆོད་འབུལ་སྨོན་ལམ་གང་རྒྱས་ཞུས་པ་དང་།

ཕྱི་ཚེས་ ༡༢ དང་ ༡༣ ལ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་དབུ་བཞུགས་ཐོག་མཁན་སློབ་རྣམ་པ་དང་། དགེ་བཤེས། སྒྲུབ་ཐོན་པ། སྒྲུབ་གྲྭ་བ་རྣམ་པ་བཅས་ནས་གསང་སྔགས་མ་རྒྱུད་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུས་ཤིང་། ཕྱི་ཚེས་༡༥དང་༡༦ ལ་བདག་ཅག་གི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པར་སྐུ་བལྟམས་པའི་དུས་ཆེན་དང་འབྲེལ་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་འདུས་སྤྱི་ཡོངས་ནས་དགོངས་རྫོགས་མཆོད་འབུལ་ཞུས་ཤིང་༧སྐྱབས་རྗེ་ཡོངས་འཛིན་པོ་ཆེ་དང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་རྒྱལ་བ་གཤེན་ཚང་ལ་ཐུགས་གསོའི་ཞུ་མཆིད་གནང་བ་དང་། ད་དུང་མུ་འཐུད་དགོངས་རྫོགས་མཆོད་འབུལ་སྨོན་ལམ་གྱི་ཞུ་སྒོ་ཁག་རིམ་བཞིན་བསྐྱང་འཆར་ཡོད་པ་བཅས་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༢ ༡༧ ཉིན་སྤེལ།

པར་པ་རླུང་བུ།

(སྤྱིའི་གཟིགས་གྲངས། 987 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མདོ་ལས། བད…
error: རྩོམ་འདི་བདག་དབང་ཅན་ཡིན།