ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་སྐབས་བཅུ་པའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་ཐོན་མཛད་སྒོ།

བལ་ཡུལ་བོན་པོ་ཚོགས་པའི་ལས་བྱེད་ལྷན་རྒྱས་དང་། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་ཟུང་གིས་གོ་སྒྲིག་གནང་ཐོག་དེ་རིང་སྟེ་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༣ པའི་ཚེས་ ༩ ཉིན་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྐབས་བཅུ་པའི་སྨན་གྱི་སློབ་ཐོན་མཛད་སྒོ་དངོས་སུ་འཚོགས་ཡོད།

དེ་ཡང་སྔ་དྲོ་ཕྱག་ཚོད་༩པའི་ཐོག་མཛད་སྒོའི་ཚོགས་མགོན་དུ་༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། དེ་བཞིན་སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྐྱབས་རྗེ་སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་པ་གཉིས་དང་། གཞན་ཡང་མཛད་སྒོའི་སྐུ་མགྲོན་དུ་འབྲེལ་ཡོད་ས་གནས་དང་ཚོགས་སྡེ། སློབ་གྲྭ་ཁག་གི་སྐུ་ཚབ་དང་ལས་བྱེད་སྨན་པ་རྣམ་པ། གདན་ས་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་དང་བཤད་སྒྲུབ་འདུས་སྡེའི་ལས་བྱེད་ལྷན་རྒྱས། བལ་ཡུལ་བོན་པོ་ཚོགས་པའི་ལས་བྱེད། གསོ་རིག་འབུམ་བཞིའི་སློབ་གྲྭའི་དགེ་སློབ་ལྷན་རྒྱས་དང་སེར་སྐྱ་མི་མང་བཅས་གཙུག་ལག་ཁང་དུ་འཛོམས་རྗེས།

གསོ་རིག་འབུམ་བཞིའི་སློབ་གྲྭའི་དྲུང་ཡིག་ཚེ་རིང་གཡུང་དྲུང་ལགས་ནས་མཛད་རིམ་སྒྲོག་སྦྱང་གནང་ཞིང་སྐུ་མགྲོན་རྣམ་པ་དང་སེར་སྐྱ་ཡོངས་ལ་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས། དེ་ནས་འབུམ་བཞིའི་སློབ་གྲྭའི་དྲུང་ཡིག་ལགས་ནས་མཛད་སྒོ་གཙོ་སྐྱོང་གནང་སྟེ་ཐོག་མར་གསོ་རིག་འབུམ་བཞིའི་སློབ་གྲྭའི་དབུ་འཛིན་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་ལགས་ནས་མཛད་སྒོའི་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་།

དེ་ནས་ད་ལན་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭའི་སློབ་མ་ལྷ་མོ་ཚེ་རིང་དང་། གཡུང་དྲུང་ལྷ་འཛོམས། སྐར་མ་སྒྲོན་མ། གཡུང་དྲུང་མགོན་པོ་བཅས་རྣམ་པ་བཞི་ལ་མཛད་སྒོའི་སྐུ་མགྲོན་གཙོ་བོ་ Dr.Ghana Shyam Gurung (Country Representative WWF Nepal )དབུ་འཛིན་ལགས་ནས་དཀའ་བཅུ་པའི་སྨན་གྱི་སློབ་ཐོན་གྱི་ཕྱག་འཁྱེར་བསྩལ་བ་དང་ལྷན། སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་གཙོས་རིམ་པར་སྐྱབས་རྗེ་མཁན་སློབ་རྣམ་པས་རྟེན་འབྲེལ་ལེགས་གསོལ་གྱི་མགུལ་དར་བསྩལ་གནང་མཛད།

ཕྱག་འཁྱེར་བཞེས་གྲུབ་རྗེས་རིམ་པར་འབྲེལ་ཡོད་མཛད་སྒོའི་སྐུ་མགྲོན་བལ་ཡུལ་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། རྒྱལ་སྤྱིའི་གསོ་བ་རིག་པའི་མཐོ་སློབ་ཀྱི་དབུ་འཛིན་སྨན་པ་བསྟན་འཛིན་དར་རྒྱས་ལགས། ཧི་མ་ལ་ཡའི་ཨེམ་རྗེ་ཚོགས་པའི་ཚོགས་གཙོ་དང་གློ་ཀུན་ཕན་སྨན་རྩིས་ཁང་གི་དབུ་འཛིན་གྱི་སྐུ་ཚབ་ཚེ་དབང་ནོར་བུ་ལགས་དང་། Dr.Ghana Shyam Gurung(Country Representative WWF Nepal ལགས་དང་། འཇགས་འདུར་གྲོང་སྡེ་ལྷན་ཁང་གི་དབུ་འཛིན་ནཱ་ར་སེང་རོ་ཀ་ཡ་(jagadhula Ghaunpalika, adakchay)ལགས་བཅས་ནས་གསུང་བཤད་གནང་རྗེས་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་མཆོག་ནས་དམིགས་བསལ་གྱི་གསོ་རིག་སློབ་ཐོན་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནད་སྨིན་བསྩལ་གནང་མཛད། དེ་ནས་གསོ་རིག་འབུམ་བཞིའི་སློབ་གྲྭའི་སྨན་གྱི་ལོ་རྒྱུས་དགེ་རྒན་ཚུལ་ཁྲིམས་རབ་བརྟན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་གྱི་སློབ་ཐོན་པ་རྣམ་པ་བཞི་ནས་སྐྱབས་རྗེ་མཁན་སློབ་རྣམ་པར་མཇལ་དར་ཕུལ་ཞིང་སྐྱབས་རྗེ་མཁན་སློབ་རྣམ་པ་དབུས་པའི་དམིགས་བསལ་སྐུ་མགྲོན་རྣམ་པ་དང་ལྷན་མཉམ་པར་སྒྲོན། དེ་རྗེས་དམིགས་བསལ་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ཡོངས་ནས་རིམ་པར་སྨན་གྱི་སློབ་ཐོན་པ་རྣམ་པ་བཞི་ལ་མགུལ་དར་དང་བཅས་ཕན་ཐོགས་ཕུལ་ཏེ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྐབས་བཅུ་པའི་སྨན་གྱི་སློབ་ཐོན་མཛད་སྒོ་མཇུག་ལེགས་པར་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ཕྱི་ལོ་ ༢༠༢༣ ༣ ༩ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

 

(སྤྱིའི་གཟིགས་གྲངས། 790 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གསེར་གདུང་…
error: རྩོམ་འདི་བདག་དབང་ཅན་ཡིན།