ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུའི་རྩེར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་༣༠པའི་ཚད་མའི་རིགས་སྒྲ་ཆེན་མོའི་འཚོག་བཞིན་པ།

 

 

ཚད་མའི་རིགས་སྒྲ་ཆེན་མོ་ནི་མཚན་ཉིད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བརྩིས་ནས་གཏན་འཇགས་སུ་འཚོགས་དང་འཚོག་མུས་ཡིན་པ་དང་། འདི་ལོ་བོད་ཤིང་འབྲུག་ལོ་ཟླ་ ༩ པའི་ཚེས་ ༡༩ ཕྱི་ལོ་ ༢༠༢༤ ༡༡ ༡༩ ནས་བཟུང་ཉིན་བཅུའི་རིང་གདན་ས་ཁྲི་བརྟན་ནོར་བུའི་རྩེར་སྐབས་ ༣༠ པའི་ཚད་མའི་རིགས་སྒྲ་ཆེན་མོའི་འཚོག་བཞིན་ཡོད།  སྔར་རྒྱུན་བཞིན་མཚན་ཉིད་སྒྲིག་ཁོངས་ཀྱི་སློབ་གཉེར་བ་རྣམས་གླིང་ཚན་སོ་སོར་བགོས་ཏེ་སྔ་དྲོའི་ཕྱག་ཚོད་ ༨ ནས་ ༡༠ བར་འཆད་ར་དང་དེ་རྗེས་གླིང་ཚན་སོ་སོའི་དགེ་རྒན་ཀྱི་དྲུང་དུ་དཔེ་ཁྲིད་ཀྱི་དུས་ཚོད་ཡིན། 

གླིང་ཚན།

དཔེ་ཁྲིད་དགེ་རྒན།

༡)གླིང་ཚན་དང་པོའི་དཔེ་ཁྲིད་དགེ་རྒན།

སྐྱབས་རྗེ་དཔོན་སློབ་རིན་པོ་ཆེ།

༢)གླིང་ཚན་གཉིས་པའི་དཔེ་ཁྲིད་དགེ་རྒན།

བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག

༣)གླིང་ཚན་གསུམ་པའི་དཔེ་ཁྲིདདགེ་རྒན།

བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་མཆོག

༤)གླིང་ཚན་བཞི་པའི་དཔེ་ཁྲིདདགེ་རྒན།

རྩ་འཛིན་སློབ་དཔོན་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས།

༥)གླིང་ཚན་ལྔ་པའི་དཔེ་ཁྲིད་དགེ་རྒན།

རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་གཙུག་བརྟན།

༦)གླིང་ཚན་དྲུག་པའི་་དཔེ་ཁྲིད་དགེ་རྒན།

རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ།

 

ཕྱི་དྲོ་གླིང་ཚན་རེས་མོས་ཀྱི་ཐུག་ཆུང་ཆུ་ཚོད་གཅིག དགོང་མོར་དམ་བཅའ་གང་བབ་རྒྱན་ཤོག་འཐེན་སྟེ་ཆུ་ཚོད་གསུམ་རིང་དམ་བཅའ་ཚོགས་དགོས་པ་དང་། རྗེ་རིན་པོ་ཆེའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་སྦྱང་བྱ་གཙོ་བོར་བཞག་སྟེ། དེ་འབྲེལ་དཔེ་ཆ་དྲན་པའི་རྣམ་འབྱེད་འཕྲུལ་ལྡེ། མན་ངག་ལུང་གི་ཚད་མ། གཏན་ཚིགས་ངེས་པའི་གལ་མདོ། འགྲོ་མགོན་གྱི་ཚད་མ་ཀུན་བཏུས་སོགས་ཞང་བོད་ཀྱི་གནའ་རབས་ཀྱི་མཁས་གྲུབ་ལོ་པཎ་རྣམ་ཀྱིས་མཛད་པའི་ཚད་མ་རིག་པའི་གཞུང་ལུགས་རྣམས་ཀྱིས་ཟུར་བརྒྱན་ཏེ་དམིགས་བསལ་རྩོད་སྦྱོང་དང་དམ་བཅའ། མཐར་གླིང་ཚན་སོ་སོས་རིགས་ལམ་འགྲན་རྩོད་ཀྱི་ཐུག་ཆེན་རྒྱག་རྒྱུ་བཅས་སོ།། 

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༤ ༡༡ ༢༧ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

 

 

 

(སྤྱིའི་གཟིགས་གྲངས། 333 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༧སྐྱབས་རྗེ…
error: རྩོམ་འདི་བདག་དབང་ཅན་ཡིན།