ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་༧སྐྱབས་རྗེ་རྒྱལ་བ་གཤེན་ཆེན་མོའི་འདས་མཆོད་ལ་རྗེས་དྲན་མཆོད་འབུལ་ཞུ་བ།

དེ་རིང་ནི་བདག་ཅག་གི་སྟོན་པ་རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གི་གདུང་འཛིན་༧སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་རྒྱལ་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་འདས་མཆོད་ཁྱད་པར་ཅན་ཉིན། འདི་ག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་བཀའ་དགོངས་བཞིན་གཙུག་ལག་ཁང་དུ་གཤེན་གྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཤམས་པའི་མདུན་དུ་ཉིན་འགྱངས་གཉིས་ཀྱི་རིང་འདུས་མང་ཡོངས་ནས་ཞི་བརྒྱ་ཁྲི་མཆོད་ཀྱི་ཚོགས་མཆོད་རྒྱས་འབུལ་ཞུ་བཞིན་ལགས་ན་དེ་ལུགས་སུ་འདུས་སྡེ་རིན་པོ་ཆེ་དང་ལྷ་སྡེ་མི་མང་ཡོངས་ནས་སྤྱི་མཐུན་བསོད་ནམས་གསོག་ཕྱིར་དུས་ཆེན་ཁྱད་པར་ཅན་ཉིན་དགེ་ཚོགས་གང་རྒྱ་ཆེར་གསོག་སྤེལ་གནང་རྒྱུའི་དྲན་བསྐུལ་ཞུ་རྒྱུ་བཅས།།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་ནས་སྤྱི་ལོ་༢༠༢༣/༠༡/༢༤ཉིན།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 187 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།