ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་༢༠༡༨ལོའི་བྲིས་རྒྱུགས་ཆེན་མོ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ༸དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བ་རྣམས་ཀྱིས་འཆད་སྦྱོང་བགྲོ་གླེང་དང་། རྩོད་སྦྱོང་འཆད་ར་དང་དམ་བཅའ། རྩོམ་སྦྱོང་རྩོམ་རྒྱུགས་དང་དེ་བཞིན་ལོ་དེབ་བགྲེས་པོའི་འབེལ་གཏམ་བཅས་འདོན་སྤེལ་བྱེད་དེ། སློབ་གཉེར་གྱི་འཐུས་སྒོ་ཇེ་ཚང་དུ་བཏང་ནས་འཆད་རྩོད་གསུམ་གྱི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་ཐབས་ལམ་ལ་འབད་པ་དང་།

དེ་བཞིན་ཐོས་བསམ་གཅིག་པུས་རྒྱལ་བསྟན་རང་རྒྱུད་པ་སྨིན་པའི་ཐབས་མེད་པར་སོང་། ཐོས་དོན་རྒྱུད་ལ་སྦྱར་བའི་སྒོམ་སྒྲུབ་བྱེད་པའི་སྒྲུབ་གྲྭའི་སྡེ་བཟུང་སྟེ་ཐུན་བཞིའི་ཉམས་ལེན་དང་སྦྱིན་པ་རྣམ་བཞིའི་སྒོ་ནས་རང་རྒྱུད་སྨིན་ཅིང་གཞན་རྒྱུད་བཀྲོལ་བའི་ཐར་ལམ་ལ་འབད་བཞིན་ཡོད་པ་རེད། ང་ཚོས་མེད་པ་དེ་ཡོད་པ། ཡོད་པ་དེ་འཕེལ་རྒྱས་ཟེར་བ་ནང་བཞིན། སློབ་གཉེར་བ་ཚོར་སློབ་སྦྱོང་ཡར་སྐུལ་གྱི་ཤུགས་སྣོན་འཕར་མ་སྐྱེད་བྱེད་ཅིག་ནི་རྒྱུགས་སྤྲོད་དེ་ཡིན་སྟབས།

སྐབས་བབ་ཀྱི་རྩ་གཞུང་ཁག་དང་། བརྡ་དག་སྙན་གསུམ། རྩིས་དཀར་ནག གཟུངས་གཞུག་དཀྱིལ་འཁོར། སྒྲ་དང་བཟོ་རིག་སོགས་རིག་གནས་ཁག་དང་། རྒྱུན་ཤེས་སོགས་འཛིན་གྲྭ་སོ་སོའི་སྐབས་དང་བསྟུན་ནས་རྒྱུགས་སྤྲོད་བྱེད་ཀྱི་ཡོད་པ་རེད་ལ། ལྷག་པར་དུ་གཞུང་ཆེན་མདོ་སྔགས་རྫོགས་གསུམ་གྱི་ཚིག་དོན་དཀའ་བའི་གནད་རྣམས་ཆེད་དམིགས་ཀྱིས་དོ་སྣང་འབྱུང་ཕྱིར་ལོ་ལྟར་ཡིག་རྒྱུགས་ཆེན་མོ་དང་རྩོད་རྒྱུགས་ཆེན་མོ་གཉིས་སློབ་གཉེར་བ་ཡོངས་རྫོགས་སྟབས་གཅིག་ཏུ་འཛོམས་ནས་སྔ་རྗེས་སུ་གཏོང་སྲོལ་ཡོད་པ་ལྟར། འདི་ལོའི་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བྲིས་རྒྱུགས་ཆེན་མོ་དེ་ཡང་༸སྐྱབས་རྗེ་དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང་། ༸སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ། བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུས་པའི་རྩ་གཞུང་འཛིན་པའི་སློབ་དཔོན་རྣམས་དང་རྒྱུགས་ཞིབ་དོ་དམ་པ་བཅས་ཀྱིས་སྟངས་འཛིན་འོག་ཕྱི་ལོ་༢༠༡༨། ཕྱི་ཟླ༠༨། ཚེས་༠༩། རེས་གཟའ་ཕུར་བུ་ཉིན་སྔ་དྲོའི་ཕྱག་ཚོད་༥།༣༠ནས་དབུ་བཙུགས་ཏེ་དུས་ཡུན་ཕྱག་ཚོད་གསུམ་རིང་བཏང་ཡོད་པ་བཅས་ཀྱི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་་༢༠༡༨། ༠༨ ། ༠༩། ཉིན་སྤེལ།། །།

(སྤྱིའི་གཟིགས་གྲངས། 70 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
པར་པ། ཁྱུང…
error: རྩོམ་འདི་བདག་དབང་ཅན་ཡིན།