ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༸སྐྱབས་རྗེ་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་འཁོད་པ།

པར་པ། ཁྱུང་ཐོག་རྒོད་དང་ཏི་སེའི་བུ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐྱབས་རྗེ་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གནས་མཆོག་བོན་རི་དང་ཁྱུང་པོའི་རི་བོ་རྩེ་དྲུག་སོགས་བོན་གྱི་གནས་ཆེན་ཁག་དང་། གྲྭ་ས་གོང་འོག་བར་གསུམ་དང་གཤེན་གྱི་གདན་ས་གཙོས་པའི་བོན་གྱི་དགོན་སྡེ་ཁག་ཏུ་ཕེབས་ཏེ་དེ་རིང་༢༠༡༨ ཟླ ༠༧ ཚེས་ ༢༣ ཉིན་ལྷོ་ཁ་གངས་དཀར་གནམ་ཐང་རྒྱུད་དེ་གདན་ས་ཁྲི་བརྟན་ནོར་བུ་རྩེ་རུ་ཞབས་སོར་བདེ་བར་འཁོད།

དེ་ཡང་གདན་ས་ཁྲི་བརྟན་ནོར་བུ་རྩེའི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་གྲོས་མཆོག་ལེགས་དང་གྲྭ་ཚང་སྤྱི་གཉེར་དགེ་བཤེས་ཤེས་རབ་རིན་ཆེན་གཉིས་ཀྱིས་གཙོས་དགོན་གྱི་ལས་སྣེ་བ་དག་གིས་བལ་ཡུལ་གནམ་ཐང་ནས་ཕེབས་བསུ་ཞུས།

འདུས་མང་ནས་དགོན་གྱི་རྒྱལ་སྒོ་ཕྱི་རུ་སེར་ཕྲེང་བསྒྲིགས་ཏེ་དར་གདུགས་རྒྱལ་མཚན་དང་ཕྱེ་མ་འཕུར་མ་སོགས་མཛེས་པའི་རྒྱན་དང་། རྔ་གཤང་དུང་གླིང་བཅས་སྙན་པའི་སྒྲ་དང་། ལྷ་བསང་བདུག་སྤོས་བཅས་ཞིམ་པའི་དྲི་དང་། དགའ་དད་གུས་པ་སོགས་དྭངས་བའི་སེམས་ཀྱི་མཆོད་སྤྲིན་བཅས་ཀྱིས་ཕེབས་བསུ་ཞུས་ཏེ་གཤེན་རབ་མཆོད་རྔ་བརྡུངས།

དེ་ནས་ཚོགས་ཁང་དུ་གཅན་ལྔ་རིན་ཆེན་ཁྲི་ལ་བཞུགས་སུ་གསོལ་ཏེ་བཤད་སྒྲུབ་མཁན་པོ་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་ནས་མཎྜལ་འདེགས་འབུལ་དང་སྐྱ་སེར་ཚང་མས་མཇལ་ཁ་ཞུས་ཏེ་བླ་བྲང་དུ་གདན་ཞུས་བྱས་པའི་གནས་བསྡུས་སུ་ཁྱུང་ཐོག་རྒོད་ཀྱིས་ ༢༠༡༨ ཟླ་ ༠༧ ཚེས་ ༢༣ ཉིན་སྤེལ།། །།

 

(སྤྱིའི་གཟིགས་གྲངས། 100 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།