༧ཡོངས་འཛིན་བླ་མ་རྒྱང་འབོད་བཞུགས།
ཨ་ཧོ།
བསྟན་པའི་མཆོག་གྱུར་གཤེན་བསྟན་གཡུང་དྲུང་གི་བོན་བསྟན། །
འཛིན་སྐྱོང་སྤེལ་བའི་བསྟན་འཛིན་ཁྲི་འབུམ་གྱི་གཙུག་རྒྱན། །
རྣམ་བཞིའི་མཁན་པོའི་རྣམ་རོལ་བསླབ་གསུམ་གྱི་བདག་ཉིད། །
དག་པའི་ཁྲིམས་ལྡན་ཡང་དག་བླ་མ་མཆོག་མཁྱེན་ནོ། །
མདོ་སྔགས་རྫོགས་གསུམ་དབང་ལུང་སྡོམ་རྒྱུད་ཀྱི་བདག་པོ། །
ལུང་དང་རྟོགས་པའི་བསྟན་འཛིན་གྲངས་མེད་ཀྱི་བླ་མ། །
བཤད་སྒྲུབ་སྒོམ་སྡེ་འབུམ་གྱི་གདམ་ཁྲིད་ཀྱི་སློབ་དཔོན། །
བསྐལ་ཁུག་སངས་རྒྱས་དངོས་བྱོན་ཡོངས་འཛིན་མཆོག་མཁྱེན་ནོ། །
ཉག་གཅིག་ངང་རྒྱུད་སྐྱོང་བའི་རྫོགས་ཆེན་གྱི་རྣལ་འབྱོར། །
རིམ་གཉིས་དག་རྫོགས་སྨིན་པའི་གསང་སྔགས་ཀྱི་རིག་འཛིན། །
བསླབ་གསུམ་བསྟན་པའི་སྲོག་ཤིང་འདུལ་བ་ཡི་མཁན་པོ། །
རྒྱུད་གསུམ་བསྟན་པའི་མངའ་བདག་སློབ་དཔོན་མཆོག་མཁྱེན་ནོ། །
བདེར་གཤེགས་རིག་འཛིན་ཁྱེད་ཀྱི་མཁྱེན་བརྩེ་ཡི་ནུས་མཐུས། །
མདོ་སྔགས་བོན་བསྟན་འཆད་རྩོད་སྒོམ་སྒྲུབ་ཀྱིས་འཛིན་པའི། །
བསྟན་འཛིན་སྐྱེས་མཆོག་ས་ཡི་རྡུལ་གྲངས་ལྟར་འཕེལ་ནས། །
འགྲོ་བ་ཁ་ལོ་བསྒྱུར་བའི་མཐུ་སྟོབས་དེ་སྩོལད་ཅིག །
ཅེས་པའང་ཞུ་འོད་ཟེར་མཐར་རྒྱས་པས། ༢༠༢༥།༧།༥ཉིན་རྐོང་ཡུལ་བྲེ་སྣ་ནས་གསོལ་བ་བཏབ་པའོ།།
དགེའོ།། དགེའོ།། དགེའོ།།