ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མདོ་སྨད་སྣང་ཞིག་དགོན་ཆེན་འདུས་སྤྱི་ནས་གདུང་སེམས་མཚོན་པའི་འཚམས་འཕྲིན།

༄༅། །དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་གྱི་མཁན་སློབ་རྣམ་གཉིས་ཀྱི་གཙོས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་དྲུང་དུ།

མདོ་སྨད་སྣང་ཞིག་དགོན་འདུས་སྤྱི་ནས་གུས་པའི་ཞུ་གསོལ།

 

       ད་ལམ་རང་རེ་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་རྒྱལ་བ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་སུ་ཐིམ་པའི་གནས་ཚུལ་ཐོས་པ་དང་ཆབས་ཅིག་འདི་གའི་གྲྭ་ཚང་དང་ལྷ་སྡེ་མི་སྡེ་ཡོངས་རྫོགས་སྐྱོ་གདུང་དྲག་པོའི་མྱ་ངན་གྱི་གནས་སུ་ལྷུང་བཞིན་ལགས་ནའང་། ང་ཚོ་དགའ་འོས་པ་ཞིག་ནི་ཁོང་རིན་པོ་ཆེས་དགུང་ལོ་བརྒྱ་ཡི་བར་དུ་རང་རེའི་གཡུང་དྲུང་བོན་གྱི་ཁུར་ཆེན་རྒྱབ་ཏུ་བཞེས་ཤིང་ང་ཚོ་ལ་མགོན་དང་དཔུང་གཉེན་གྱི་སྣེ་ཁྲིད་གནང་སྟེ་ཚེ་ལོ་མཐར་ཕྱིན་པ་ནི་རང་རེའི་བསོད་ནམས་སུ་སྒོམ་བཞིན་ཡོད།

       གཞན་ད་རེས་འདི་ནས་ཀྱང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དང་གདུང་མཆོད་ཟབ་མོའི་ཆོ་ག་སྤེལ་བ་ལ་སྣང་ཞིག་སྐྱབས་མགོན་རྣམ་གཉིས་ཀྱི་གཙོས་བླ་བྲང་དྲུག་གི་བླ་སྤྲུལ་རྣམ་པ་དང་། དགེ་འདུན་འདུས་པ་རྒྱ་མཚོ་བཅས་ནས་ཉིན་བདུན་གྱི་རིང་དུ་ཚེ་དབང་བོད་ཡུལ་མའི་ཚོགས་མཆོད་ཀྱི་ཆོ་ག་གསུང་རྒྱུ་དང་མཚན་མོར་མར་མེ་རྒྱལ་མཚན་གྱི་མཆོད་འབུལ་གནང་རྒྱུ།

       གཞན་ཡང་ལྷ་སྡེ་མི་མང་ནས་མཆོད་འབུལ་ཕྱག་སྐོར་སོགས་བྱེད་མུས་སུ་མཆིས་ཞེས་ཞུ་རྒྱུ་དང་། སླད་མའི་ཆར་ཡང་སྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་པའི་ཐུགས་རྗེའི་བྱིན་རླབས་བཟང་པོའི་མཐུ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་གང་ན་སུ་བཞུགས་ཀྱི་བསྟན་འཛིན་སྐྱེས་བུ་རྣམ་པའི་སྐུ་ཚེ་ལ་བར་ཆོད་མི་འབྱུང་ཞིང་ཚེ་ལོ་མཐར་ཕྱིན་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་པ་ལགས་ན། དེ་ལུགས་སུ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་གཉིས་ཀྱི་གཙོས་དགེ་འདུན་འདུས་པ་རྒྱ་མཚོས་ནམ་ཡང་ཐུགས་ནས་མི་འདོར་བར་མཁྱེན་མཁྱེན་ཞུ།

 

མདོ་སྨད་སྣང་ཞིག་དགོན་འདུས་སྤྱི་ནས།

(སྤྱིའི་གཟིགས་གྲངས། 252 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཨ་ཧོ།  བསྟ…
error: རྩོམ་འདི་བདག་དབང་ཅན་ཡིན།