ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་གཉིས་པའི་ཆེད་སྦྱོང་འཛིན་གྲྭས་བཤད་རྒྱུགས་ཕུལ་བའི་སྐོར།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་གཉིས་པའི་ཆེད་སྦྱོང་ལོ་རིམ་དང་པོའི་འཛིན་གྲྭ་ནས་བཤད་རྒྱུགས་ཕུལ་བའི་སྐོར།

༢༠༡༩ ཟླ་བ་ ༡ ཚེས་ ༨ ཉིན། སྔ་དྲོའི་ཕྱག་ཚོད་ ༨ སྐར་མ་ ༣༠ ཐོག གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྫོགས་ཆེན་ཆེད་སྦྱོང་སྐབས་དང་པོ་དང་། མ་རྒྱུད་ཆེད་སྦྱོང་སྐབས་གཉིས་པའི་གཞུང་ལུགས་ཆེད་སྦྱོང་བ་རྣམས་ཀྱི་ལོ་རིམ་དང་པོའི་བཤད་རྒྱུགས་བགྲོ་གླེང་དང་འབྲེལ། ༸སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དགེ་རྒན་ལྷན་ཚོགས་ཀྱིས་རྒྱུགས་གཞི་གཏན་འབེབས་འོག གཙོ་སྐྱོང་བ་དགེ་བཤེས་བློ་གྲོས་ཕུན་ཚོགས་མཆོག་ནས་དོ་དམ་སྟངས་འཛིན་གནང་སྟེ། ཁོང་གིས་ཐོག་མར་འཚམས་འདྲི་དང་འབྲེལ་ཤེས་བྱ་གང་ཞིག་ཆེད་སྦྱོང་བྱེད་ནས་ཚིག་དོན་དཀའ་བའི་གནད་ལ་དམིགས་བསལ་གྱི་ཐུགས་སྣང་མཛད་ཐུབ་ན་དགེ་ཕན་ཆེ་ཚུལ་དང་། བཤད་རྒྱུགས་ཀྱི་བརྗོད་གཞིའི་ངོ་སྤྲོད་སྙིང་བསྡུས་གནང་རྗེས་སུ། ཆེད་སྦྱོང་གི་བཤད་བྱ་དགེ་རྒན་ལྷན་ཚོགས་ནས་གཏན་འབེབས་གནང་བའི་སྐབས་བབ་བརྗོད་གཞི་དོན་ཚན་དྲུག་ཡོད་པ་གང་བབ་རྒྱན་ཤོག་བླངས་ནས་སྐར་ཆ་ ༣༠ རིང་བཤད་རྗེས་སུ། སྐར་ཆ་ ༡༥ རིང་དྲི་བ་དྲིས་ལན་གནང་སྟེ་དགེ་རྒན་ལྷན་ཚོགས་ནས་ཨང་རིམ་སྐར་གྲངས་སྤྲོད་དགོས་པས། ཐོག་མར་རྫོགས་ཆེན་ཆེད་སྦྱོང་སྐབས་དང་པོའི་སློབ་གཉེར་བ་ཁྲི་ལྡེ་ཚུལ་ཁྲིམས་ལགས་ནས་རྗེ་ཡི་བྱང་སེམས་གབ་པའི་གཞུང་གི་དམིགས་བསལ་ཁྱད་བོན་གང་ཡོད་སྐོར་བཤད་རྒྱུགས་ཕུལ་ནས་རྫོགས་ཆེན་གོང་མའི་འཛིན་གྲྭ་ནས་དྲི་བ་དྲིས་ལན་གནང་བ་དང་། དེ་ནས་མ་རྒྱུད་ཆེད་སྦྱོང་སྐབས་གཉིས་པའི་སློབ་གཉེར་བ་གཙུག་ཕུད་རབ་གསལ་ལགས་ནས་གསང་སྔགས་མ་རྒྱུད་ཀྱི་རླུང་གི་རྣམ་བཞག་སྐོར་དང་། སློབ་གཉེར་བ་ཚུལ་ཁྲིམས་སྦྱིན་པ་ལགས་ནས་གསང་སྔགས་མ་རྒྱུད་ཀྱི་ཐིག་ལེའི་རྣམ་བཞག་སྐོར་ནས་བཤད་རྒྱུགས་ཕུལ་ཏེ་དྲི་བ་དྲིས་ལན་གནང་རྗེས་སུ། གཙོ་སྐྱོང་བ་དགེ་བཤེས་བློ་གྲོས་ཕུན་ཚོགས་མཆོག་གིས་བཤད་རྒྱུགས་དང་འབྲེལ་བའི་མཐའ་བསྡོམས་བརྗོད་དོན་སྙིང་བསྡུས་ཀྱིས་མཇུག་བསྡུས་ཏེ་ཕྱག་ཚོད་ ༡༡ ཐོག་བཤད་རྒྱུགས་ཀྱི་ལེའུ་དེ་ཉིད་ཡོངས་སུ་གྲུབ་པ་བཅས་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༡༩ ༡ ༨ ཉིན་སྤེལ།

པར་པ་དང་། གནས་ཚུལ་རྩོམ་སྒྲིག་པ་ཏི་སེའི་བུ།

87814cookie-checkགཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་གཉིས་པའི་ཆེད་སྦྱོང་འཛིན་གྲྭས་བཤད་རྒྱུགས་ཕུལ་བའི་སྐོར།
(སྤྱིའི་གཟིགས་གྲངས། 833 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཧོར་ཟླ་བཅུ…
error: རྩོམ་འདི་བདག་དབང་ཅན་ཡིན།