ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དུས་མཆོད་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་འཚོགས་པའི་སྐོར། 

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དུས་མཆོད་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་འཚོགས་པའི་སྐོར།

ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་ཀྱི་དུས་མཆོད་འདི་ནི་ཧོར་ཟླ་བཞི་པའི་ཚེས་བཅུ་གསུམ་ནས་བཅུ་དྲུག་བར་ཉིན་འགྱངས་བཞི་རིང་ལ་ལོ་ལྟར་འཚོགས་ཀྱི་ཡོད་པ་རེད། འདི་ལོར་ཡང་ཡངས་པའི་འཇིག་རྟེན་ཁམས་ཀྱི་མི་མཐུན་པའི་རྒུད་པ་ས་འགུལ་ཆུ་ལོག་དང་ནད་ཡམ་འཁྲུག་རྩོད་ཞི་ཞིང་སྣོད་བཅུད་ཞི་བདེའི་དཔལ་ལ་སྤྱོད་པ་སོགས་ཀྱི་ཆེད་དུ་དམིགས་ཏེ། སྔོན་འགྲོ་རྫས་བསགས་ཀྱི་ཤིང་རིས་བལ་ཚོན་སོགས་སྨན་རྫས་རྣམས་ཕུན་སུམ་འཚོགས་པར་བྱས་པ་དང་། མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཏབ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༠༡ དང་ཧོར་ཟླ་བཞི་པའི་ཚེས་ ༡༢ ཉིན་ཉེ་ལམ་སྡེ་བཞི་དང་ཀུན་འབུམ་གོ་འབྱེད་གཉིས་ཀྱི་མཆོད་བཟོ་ལེགས་པར་བྱས་ཏེ། བོད་ཚེས་ ༡༣ ཉིན་ཚོགས་ཁང་གསར་པའི་ནང་མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཁོག་ཕུབ་ཅིང་ཉེ་ལམ་སྡེ་བཞིའི་དཀྱིལ་འཁོར་གཞུང་བསྲངས། ཚོགས་ཁང་རྙིང་པའི་ནང་ཀུན་འབུམ་གོ་འབྱེད་སྒྲུབ་ཐབས་ཀྱི་གཞུང་བསྲངས་ནས་ཉིན་གྲངས་བཞི་ཡི་རིང་ལ་རྒྱས་འཚོགས་གནང་བཞིན་པའི་གནས་བསྡུས་སུ་མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་བས་ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༠༤ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 211 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདན་ས་ཆེན་…
error: རྩོམ་འདི་བདག་དབང་ཅན་ཡིན།