ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འགོའི་སྒྲུབ་པ་འཚོགས་པའི་གནས་བསྡུས།

རྒྱུན་སྲོལ་ལྟར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུ་རྩེ་རུ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རེའི་སློབ་ཚན་གསར་པ་འགོ་མ་ཚུགས་སྔོན་རང་གི་སློབ་པ་ལ་བར་ཆད་མི་འབྱུང་བ་དང་། ཤེས་རབ་གོང་ནས་གོང་དུ་འཕེལ་བ་སོགས་དགོས་པ་དུ་མ་ལ་དམིགས་ནས་སོ་སོའི་སློབ་ཚན་དང་འབྲེལ་བའི་སྒྲུབ་པ་བདུན་ཕྲག་གཅིག་གི་རིང་ལ་ཚོགས་པའི་ལུགས་སྲོལ་ཡོད་པ་ལྟར། འདི་ལོ་བོད་ཆུ་སྟག་ལོའི་ཧོར་ཟླ་༠༡པོའི་ནང་མཚན་མ་རྡུལ་མཚན་དཀྱིལ་འཁོར་བླུགས་ནས་སྔོན་འགྲོའི་སྟ་བོན་ལེགས་པ་བསྒྲུབས་པ་དང་། ཧོར་ཟླ་༠༡པོའི་ཚེས་༢༢ ཕྱི་ལོ་༢༠༢༢ ༠༣  ༢༤ ཉིན་མཆོད་བཟོ་གནང་། ཕྱི་ལོ་༢༠༢༢ཟླ་བ་༠༣པའི་ཚེས་༢༥ཉིན་སྒྲུབ་པ་དབུ་འཛུགས་གནང་སྟེ། ཚོགས་ཁང་གསར་པའི་ནང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་དབུ་བཞུགས་ཐོག་བཤད་གྲྭ་བས་ཤེས་རབ་སྨྲ་བའི་སེང་གེའི་སྒྲུབ་པ་འཚོགས་པ་དང་། ཚོགས་ཁང་རྙིང་པའི་ནང་སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་དབུ་ཞུགས་ཐོག་སྒྲུབ་གྲྭ་བས་བླ་ཆེན་དྲན་པའི་སྒྲུབ་པ་འཚོགས་གནང་བ་དང་། དེ་བཞིན་གཞི་རིམ་སློབ་གྲྭ་ནང་དུ་འགན་འཛིན་དགེ་བཤེས་གཙུག་ཕུད་རབ་གསལ་གཙོས་རྒན་སློབ་རྣམས་ནས་སྨྲ་སེང་སྒྲུབ་ཆུང་དང་ཀེང་ཙེ་གསོག་སྒྲུབ་གནང་བ་དང་། སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་ནང་རྩ་འཛིན་སློབ་དཔོན་དགེ་བཤེས་བདེན་གཉིས་བཤད་སྒྲུབ་གཙོས་དགེ་སློབ་རྣམས་ཀྱིས་སངས་རྒྱས་སྨན་ལྷའི་སྒྲུབ་པ་དང་བཅས་ཁག་སོ་སོ་ནས་བསྙེན་སྒྲུབ་གནང་། གཞན་ཡང་ཚེས་༢༩དགོངས་མོར་མཚན་ཉིད་པ་དང་སྒྲུབ་གྲྭ་བ་གཉིས་ཀྱིས་སྒྲུབ་པ་འཚོགས་ནས་མཚན་བསྐྱལ་བ་དང་།   མཚེས་༣༠ཉིན་ཞོགས་པར་མཚན་ཉིད་པས་རྒྱལ་བ་མཉམ་མེད་ཆེན་པོའི་བླ་སྒྲུབ་དང་ཤེས་རབ་སྨྲ་སེང་གི་སྒྲུབ་གཞུང་གཉིས་སྦྲགས་ནས་ཚོགས་འཁོར་བཏང་བ་དང་། སྒྲུབ་གྲྭ་བས་བླ་མ་མགོན་པོའི་གཞུང་དང་དྲན་པའི་གཞུང་སྦྲགས་ནས་བཏང་རག་གི་ཚོགས་འཁོར་ཕུལ་ཏེ་ཞོགས་པའི་ཕྱག་ཚོད་དགུ་པའི་ཐོག་སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་སྐྱ་སེར་མི་མང་ཡོངས་ལ་རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་བཀའ་དབང་བསྩལ་བ་བཅས་བོད་ཆུ་སྟག་ལོའི་གདན་ས་ཁྲི་བརྟན་ནོར་བུ་རྩེའི་རུ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འགོའི་སྒྲུབ་པ་ཆེན་མོ་འཚོགས་པའི་གནས་བསྡུས་སུ་བསོད་ནམས་དབང་གྲགས་ཀྱིས་༢༠༢༢ ༠༤ ༠༡ བྲིས།།   །།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ ༢༠༢༢ ༤ ༡ ཉིན་སྤེལ།།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 308 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།