ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྩོད་རྒྱུགས་ཐེངས་ ༡༧ པ་འགོ་ཚུགས་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་གྲྭ་བའི་ལོ་རེའི་སློབ་ཚན་གྱི་རྒྱུགས་སྤྲོད་གལ་ཆེ་ཤོས་ནི། ལོ་སྟོད་བྲིས་རྒྱུགས་དང་། ལོ་སྨད་རྩོད་རྒྱུགས་གཉིས་ཡིན་ཞིང་། འདི་ལོའི་རྩོད་རྒྱུགས་ཆེན་མོ་དེ་ཡང་སྐབས་སུམ་ཅུ་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་རྣམ་པས་གོ་སྒྲིག་གནང་སྟེ། ཕྱི་ལོ་ ༢༠༢༤ ༡༢ ༢༨ ཉིན་ཀྱི་ཞོགས་ཇ་བཞེས་གྲུབ་རྗེས་ཕྱག་ཚོད་ ༧  དང་སྐར་མ་ ༢༠  ཐོག་འཛིན་གྲྭ་སོ་སོས་དམ་བཅའི་རྒྱན་ཤོག་འཐེན། ཕྱག་ཚོད་ ༨ དང་སྐར་མ་ ༣༠ ཐོག་དཔྱད་འདེམ་པ་བཤད་སྒྲུབ་དཔོན་སློབ་རིན་པོ་ཆེ་གཙོས་པའི་རྩ་འཛིན་སློབ་དཔོན་རྣམ་པ་དང་། དགེ་བཤེས་རྣམ་པ་རྒྱུགས་དཔང་དུ་བཞུགས་ནས་འདི་ལོའི་རྩོད་རྒྱུགས་དངོས་སུ་འགོ་ཚུགས།

དཔྱད་འདེམ་དགེ་རྒན།

བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད།

རྩ་འཛིན་སློབ་དཔོན་དགེ་བཤེས་སངས་རྒྱས་ཡེ་ཤེས།

རྩ་འཛིན་སློབ་དཔོན་དགེ་བཤེས་གཡུང་དྲུང་ཚུལ་ཁྲིམས།

རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་ཕུན་ཚོགས།

རྩ་འཛིན་སློབ་དཔོན་དགེ་བཤེས་ཁྲི་ལྡེ་གཙུག་བརྟན།

རྩ་འཛིན་སློབ་དཔོན་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ།

དོ་དམ་པ།

རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ།

རྩོད་པ་བས་སྐབས་བབ་རྟགས་གསལ་གང་བབ་པ་དེ་ཉིད་དང་འབྲེལ་བའི་ལུང་དྲངས་སྟངས་དང་རྩོད་པ་གནད་ལ་ཁེལ་མིན་ལས་དཔག་པའི་ཐོབ་སྐར་སྤྲོད་ཀྱི་ཡོད་པ་དང་། ཕྱི་ཚེས་ ༢༨ ནས་ ༢༩ བར་ཁྱོན་ཉིན་གཉིས་ཀྱི་རིང་ལ་རྩོད་རྒྱུགས་གནང་བཞིན་པ་བཅས་ཀྱིས་གནས་བསྡུས་སུ་

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༤ ༡༢ ༢༨ ཉིན་སྤེལ།

 

(སྤྱིའི་གཟིགས་གྲངས། 523 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅།།གཡུང་ད…
error: རྩོམ་འདི་བདག་དབང་ཅན་ཡིན།